རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པར་རྟེན་འབྲེལ་ཞུ་བའི་ཆེད་སྤེལ་རྩོམ་ཡིག་དགུ་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2016-11-17 10:42:38

QQ截图20161117104152.png

གཞིས་རྩེའི་འཐུས་མི་པ་སངས་ཚེ་རིང་དང་(གཡོན་གྱི་དང་པོ) མིག་དམར་རྡོ་རྗེ(གཡོན་གྱི་གཉིས་པ) དོན་གྲུབ(གཡོན་གྱི་གསུམ་པ) ཕུར་བུ་ཚེ་རིང(གཡས་ཀྱི་དང་པོ)བཅས་ཀྱིས་ཚོགས་འདུའི་བར་གསེང་དུ་ཚོགས་འདུའི་དགོངས་དོན་གྲོས་བསྡུར་བྱེད་བཞིན་པ།

མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་ཏང་གི་མི་རིགས་ལས་དོན་གྱི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩར་བརྩིས་ནས“ཁ་བྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོར་བཙུགས་ཏེ་མི་རིགས་ཁག་གི་ཐུན་མོང་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དར་རྒྱས་གོང་འཕེལ་བརྗོད་བྱ་གཙོ་བོ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་མ་གཏོང་རྒྱུ་དམ་འཛིན་བྱ་གཞི། དྲིལ་བསྒྲགས་སློབ་གསོ་དང་ཡར་སྐུལ་གཟེངས་བསྟོད་གཞི་རྟེན། མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཁུལ་གཏོད་རྒྱུ་དམིགས་ཚད་བཅས་བྱས་ཏེ་འཕེལ་རྒྱས་དང་། འདྲ་མཉམ། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཟམ་མི་ཆད་པར་བརྟན་དུ་བཏང་ནས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་མི་རིགས་ཁག་སྤུན་ཟླ་མཉམ་མཐུན་དང་། ལྟ་རེས་སྐྱོང་རེས། འཆམ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་པ་རེད།

ཟླ་7ཚེས་30ཉིན་ལྷ་ས་དབྱི་སི་ལམ་ཆོས་ལུགས་གྱི་སྲོལ་རྒྱུན“ཀྲོ་པན་དུས་ཆེན”ལོ་300ཡི་རྟེན་འབྲེལ་བྱེད་སྒོ་གཟབ་རྒྱས་ངང་འཚོགས་པ་ལས་ཧུད་རིགས་དང་བོད་རིགས་དབར་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བསམ་ཤེས། ཕན་ཚུན་དོ་ཁུར། ཞི་མཐུན་མཉམ་གནས་བཅས་ཀྱི་དུས་ཆེན་ཞིག་ཡིན་པ་གང་ལེགས་མཚོན་པ་དང་། ལྷ་སའི་དབྱི་སི་ལམ་ཆོས་ལུགས་ལ་དད་པ་བྱེད་མཁན་མང་ཚོགས་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་དབར་གྱི་མཛའ་བརྩེ་ཧ་ཅང་ཟབ་མོ་མངོན་པ་བྱས་ཡོད།

མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་རང་ལྗོངས་ཀྱིས་དུས་བབ་གསར་པའི་འོག་གི་མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞི་རྩའི་གཞི་འཛིན་ས་མཁོ་འདོན་བྱས་ནས་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།

མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་ཆེས་འགག་རྩ་ནི་མི་རིགས་མཐུན་སྒྲིལ་ཡག་པོ་བྱ་རྒྱུ་དེ་ཡིན་པ་དང་ལེགས་ཆ་ཆེ་ཤོས་ནི་མི་སེམས་ཐོབ་པ་བྱ་རྒྱུ་དེ་རེད། བོད་ཀྱི་བྱ་བ་མཐའ་དག་མི་རིགས་ལས་དོན་དང་འབྲེལ་བ་ཡོད་པ་དང་བོད་ཀྱི་ལས་དོན་མཐའ་དག་མི་རིགས་མཐུན་སྒྲིལ་ཐད་བསམ་གཞིག་བྱེད་ཀྱི་ཡོད།

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་མི་རིགས་མཐུན་སྒྲིལ་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ནང་བཅུག་ཡོད།

《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི(ཚོད་ལྟ)2010ལོ་ནས་2013ལོ་བར་གྱི་ལག་བསྟར་ཇུས་གཞི》བཟོས་ནས་གཤམ་སྤྲོད་བྱས་ཏེ་མི་རིགས་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་བཟོས་པ་དང་།

《〈དུས་བབ་གསར་པའི་འོག་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ནས་དུས་བབ་གསར་པའི་འོག་གི་མི་རིགས་ལས་དོན་བཀོད་སྒྲིག་བྱས་པ།

མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་གཞི་རྟེན་སྣ་ཚོགས་ལ་བརྟེན་ཏེ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་ལས་ཁུངས་དང་། ཁེ་ལས། གྲོང་གསེབ། སྡེ་ཁུལ། སློབ་གྲྭ དམག་སྒར། དགོན་སྡེ་བཅས་སུ་ཁྱབ་གདལ་བཏང་བ།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པ་དང་། དཔེ་སྟོན་ཁུལ། དཔེ་སྟོན་སློབ་གྲྭ་བཅས་གཏོད་པའི་བྱེད་སྒོ་སྤེལ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་དཔྱད་འདེམས་བྱེད་སྒོ་སྤེལ་ནས་མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བརྩོན་ལེན་བྱེད་པ་དང་མི་ཚང་མས་མི་རིགས་མཐུན་སྒྲིལ་ཐད་ལེགས་སྐྱེས་འབུལ་བའི་དར་སྲོལ་བཟང་པོ་ཆགས་པར་བྱས་པ་བཅས་རེད།

བོད་ལྗོངས་མི་རིགས་མཐུན་སྒྲིལ་གྱི་མིག་དཔེར་གྱུར་བར་བྱས་པ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བོད་ལྗོངས་མི་རིགས་མཐུན་སྒྲིལ་གྱི་མིག་དཔེར་སྐྲུན་དགོས་པའི”མཛུབ་སྟོན་གལ་ཆེན་ལ་དམ་པོར་དམིགས་ནས། ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་གཏིང་ཟབ་དང་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས། ལས་ཀ་བྱེད་སྟངས་གསར་གཏོད་དང་གསར་གཏོད་ཀྱི་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང(ཁུལ་དང་སློབ་གྲྭ)བསྐྲུན་རྒྱུར་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་བཏང་ཡོད།

2014ལོའི་ཟླ་བཅུ་པར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་དུས་བབ་གསར་པའི་འོག་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་ལག་བསྟར་བསམ་འཆར་ནང་དུས་བབ་གསར་པའི་འོག་མི་རིགས་ལས་དོན་གྱི་བཀོད་སྒྲིག་ཁག་10དང་ཞིབ་ཕྲའི་བྱ་ཐབས་42བཏོན་ནས“མཉམ་དུ་བཞི”དང་། “མི་བརྗེད་པ་ལྔ”“མཉམ་འགུལ་བཞི”བཅས་ཡག་པོ་བྱེད་ཐུབ་པའི་བླང་བྱ་བཏོན་པ་སྟེ། ལྗོངས་ཡོངས་ཀྱི་ལས་དོན་ཁག“མཉམ་དུ་ཇུས་འགོད”དང་། “མཉམ་དུ་བཀོད་སྒྲིག”“མཉམ་དུ་ལྟ་ཞིབ”“མཉམ་དུ་དོན་འཁྱོལ”བཅས་དང་། ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱེད་རིང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་མ་བརྗེད་པ་དང་། ལས་བྱེད་པ་འདེམས་རིང་མི་རིགས་ལས་དོན་འཐབ་ཕྱོགས་ཀྱི་ལས་བྱེད་པ་འདེམས་རྒྱུ་མ་བརྗེད་པ། བརྟག་ཞིབ་ལས་དོན་སྤེལ་རིང་མི་རིགས་མཐུན་སྒྲིལ་ལས་དོན་མ་བརྗེད་པ། ནོར་སྲིད་སྔོན་རྩིས་བྱེད་རིང་མི་རིགས་ལས་དོན་གྱི་འགྲོ་གྲོན་མ་བརྗེད་པ། སྔོན་ཐོན་ལ་གཟེངས་བསྟོད་བྱེད་རིང་མི་རིགས་ལས་དོན་ལ་ལེགས་སྐྱེས་འབུལ་མཁན་སྔོན་ཐོན་མཉམ་སྡེབ་དང་། མི་སྒེར། ཁྱིམ་ཚང་བཅས་ལ་གཟེངས་བསྟོད་བྱ་རྒྱུ་མ་བརྗེད་པ་བཅས་བྱས་ཡོད་པ་རེད།

“3·28”ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་དང་། ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སློབ་གསོའི་ཟླ་བ། རྒྱལ་སྟོན་དུས་ཆེན། བོད་ཞི་བས་བཅིངས་འགྲོལ་བཏང་བ་སོགས་དུས་ཆེན་གལ་ཆེན་རིང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་། དམག་དོན་ལོ་རྒྱུས་ཁང་། རྒྱལ་རྩེའི་དབྱིན་འགོག་གནའ་ཤུལ། ཀྲུང་དབྱང་གི་བོད་སྡོད་ཨམ་བན་ཡ་མོན་གནའ་ཤུལ་སོགས་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིར་ཀྲུང་གོའི་ཕུགས་འདུན་གྱི་བརྗོད་བྱ་གཙོ་བོའི་སློབ་གསོ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། “བོད་གསར་རྙིང་བསྡུར་བའི”སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་སོགས་སྤེལ་བ་དང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གིས། རྒྱུན་ཆད་མེད་པར་རྣམ་པ་གསར་པ་བཏོད་པ་དང་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་སློབ་གསོ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཚུད་ཐུབ་པ་བྱས་ཡོད།

2013ལོ་ནས་བཟུང་རང་སྐྱོང་ལྗོངས་ཀྱིས“ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ་དང་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་སྤེལ་ནས། བྱེད་སྒོ་དེ་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་གཞི་རྟེན་གལ་ཆེན་ལ་བརྩི་བ་དང་། དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ལ་བརྩི་བ། ལས་བྱེད་པ་སྐྱེད་སྲིང་དང་སྦྱོང་བརྡར་བྱེད་པ་དང་སྤྱོད་ཚུལ་ལེགས་སུ་གཏོང་བ་མ་ཟད། བོད་དུ་ཡོད་པའི་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ལ་བརྩི་བ་བཅས་རེད།

མི་རིགས་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་སྐྱེད་སྲིང་དང་འཚར་ལོངས་བྱུང་བས། ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྲ་ཤིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱས་ཤིང་། 2015ལོ་བར་ལྗོངས་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)74ཡི་ཏང་སྲིད་ཀྱི་འགན་ཁུར་བ་དང་པོའི་ཁྲོད་བོད་རིགས་ལས་བྱེད་པ་80ལྷག་ཙམ་ཡོད་པ་དང་། ལྗོངས་ཡོངས་ཀྱི་ལས་བྱེད་པའི་དཔུང་ཁག་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པས་70.95%ཟིན་གྱི་ཡོད་པ་རེད། བོད་རིགས་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་དམིགས་བསལ་སྐྱེད་སྲིང་བྱེད་པའི་བརྒྱུད་རིམ་ལག་བསྟར་གཏིང་ཟབ་བྱས་ཏེ། རིམ་པ་མང་བ་དང་བྱ་ཐབས་སྣ་ཚོགས་ཐོག་ནས་ཤེས་ལྡན་མི་སྣ་སྣ་ཚོགས་མི་ཐེངས་ཁྲི་6གསོ་སྦྱོང་བྱས་པའི་ནང་ལྗོངས་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ཤེས་ལྡན་མི་སྣས་74%ཡན་ཟིན་ཡོད།

དུས་རྒྱུན་དུ་མི་རིགས་ལས་དོན་ལ་སྣང་ཆེན་དང་བསམ་ཚུལ་ཤོད་རེས་ལ་སྣང་ཆེན་བྱས།

སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་མངའ་ཁུལ་གྱི་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་ཆེད། ལོ་ཤས་གོང་གྲྭ་བཞི་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱིས་མཉམ་སྡེབ་དཔལ་འབྱོར་ཁྲོད་ནས་མི་རིགས་ཁག་གི་གྲོང་མི་དང་ཚོང་དུད་ཆུང་ངུར་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་བཏང་ནས་མང་ཚོགས་ཀྱིས་རང་བདག་ངང་བྱ་གཞག་གསར་གཏོད་དང་མཉམ་ལས་གཉེར་སྐྱོང་ལ་ལྕག་སྐུལ་བྱས་ཏེ་སྡེ་ཁུལ་གྱི་ཁྱད་ཆོས་ལྡན་པ་དང་མཉམ་སྡེབ་དཔལ་འབྱོར་གཙོ་བོར་བྱེད་པ་དང་། སྒེར་གཉེར་ཚོང་དུད་དང་། སྐྱེལ་འདྲེན། སྡོད་ཁང་བོགས་གཏོང་བཅས་ཞོར་དུ་བྱེད་པའི་གཉེར་སྐྱོང་གི་རྣམ་པ་གསར་པ་ཞིག་རིམ་བཞིན་ཆགས་པར་བྱས་ཡོད། གྲོང་མི་ཨུ་ལྷན་དང་མང་ཚོགས་མཉམ་དུ་འབྲེལ་ནས་དཔལ་འབྱོར་གདོས་བཅས་སྔར་བས་འཕེལ་རྒྱས་ཕྱིན་པ་དང་ཚོང་ཁང་དང་། བཟའ་བཏུང་། ལས་སྣོན་སོགས་ཞབས་ཞུའི་ལས་རིགས་ཇེ་ལེགས་སུ་ཕྱིན་ཡོད།

“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྟེན་གཞིའི”མཚན་སྙན་ཐོབ་པའི་སྡེ་ཁུལ་དེར་ད་ཆ་མི་རིགས་ཁག་གི་མང་ཚོགས་4000ཙམ་གནས་སྡོད་བྱས་ཡོད་པ་དང་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཟིན་ཡོད། སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཧྲུའུ་ཅི་རྒན་གྲས་བསོད་ནམས་བག་གྲོས་སྡེ་ཁུལ་འཕེལ་རྒྱས་འགྲོ་བའི་ཆ་རྐྱེན་ཡག་ཤོས་ནི་བོད་རིགས་དང་། རྒྱ་རིགས། ཧུད་རིགས་བཅས་མི་རིགས་ཁག་ཕན་ཚུན་མཐུན་སྒྲིལ་དང་རོགས་རམ་བྱེད་པ་དེ་རེད། གལ་ཏེ་སུ་ཞིག་གིས་ཀྱང་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་འདོད་བྱས་ཚེ་ང་ཚོས་ཁས་གཏན་ནས་ལེན་མི་སྲིད་ཅེས་བཤད།

“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི”གཞི་རྩའི་ལས་འགན་དེར་དམ་པོར་དམིགས་པ་དང་དུས་མཚམས་ཁག་གི་དུས་བབ་ཀྱི་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ལས་དོན་ལ་དུས་ཐོག་ཏུ་ཞིབ་འཇུག་དང་། བཀོད་སྒྲིག སྐུལ་འདེད་བཅས་བྱས་ཡོད། མི་རིགས་མཐུན་སྒྲིལ་ལས་དོན་སྔར་བས་མི་སེམས་སུ་ཟུག་ཆེད། བོད་ཀྱིས་2011ལོ་ནས་བཟུང་། 1990ལོ་ནས་ལོ་བཞི་རེར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་རེ་འཚོག་པ་དེ་ལོ་རེར་ཐེངས་གཅིག་འཚོག་རྒྱུར་ལེགས་སྒྲིག་བྱས་པ་དང་འབྲེལ་གྲོང་ཁྱེར་དང་། ས་ཁུལ། རྫོང(ཆུས)བཅས་ལ་ལོ་རེར་གཟེངས་བསྟོད་ཚོགས་ཆེན་རེ་འཚོག་དགོས་པའི་བླང་བྱ་བཏོན་ཡོད། 2015ལོའི་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་ལྗོངས་ཀྱི་དཔེ་སྟོན་མཉམ་སྡེབ་116དང་དཔེ་སྟོན་མི་སྒེར་159ལ་གཟེངས་བསྟོད་བྱས་པ་དང་། རང་སྐྱོང་ལྗོངས་ཀྱིས་དཔེ་སྟོན་མཉམ་སྡེབ་1202དང་དཔེ་སྟོན་མི་སྒེར་1843ལ་གཟེངས་བསྟོད་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།