ཏང་ཡོན་དཔུང་ཁག་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2016-11-14 10:13:30

རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་སྔ་བར་ཕྱི་གསུམ་དུ་རང་འགུལ་ངང་འགན་ཁུར་བ་དང་རང་འཁྲིའི་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ་དྲང་ཕྱོགས་ཀྱི་སློབ་གསོ་ཁྲིད་སྟོན་དང་ལྡོག་ཕྱོགས་ཀྱི་ཉེན་བརྡའི་དྲན་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་སྒྲིག་ཁྲིམས་སློབ་གསོ་རྒྱུན་རྣམ་ཅན་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྒྲིག་ལམ་འཛུགས་པ་དང་ཁ་གསལ་དུ་གཏོང་བ་དང་། “བཀག་རྒྱའི་གསལ་ཐོ”རེ་རེ་བཞིན་བཀོད་ནས་ཆབ་སྲིད་སྒྲིག་ཁྲིམས་ཀྱི“གློག་ཆེན”འཛུགས་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་བྱ་ཐབས་དངོས་སྤྱོད་པ་དང་སྙིང་རྗེ་མེད་པར་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱས་པས་ཏང་ཡོན་ལས་བྱེད་པའི་དཔུང་ཁག་དྭངས་གཙང་བྱུང་ནས་ཏང་གི་གཅིག་སྡུད་དང་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་དང་། རྒྱལ་ཁབ་བདེ་འཇགས་དང་བོད་ལྗོངས་ཡུན་རིང་བདེ་འཁོད་འགན་ལེན་བྱ་ཆེད་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འགན་ལེན་བྱས་ཡོད།

སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ།

ཆབ་སྲིད་ཀྱི་གནད་དོན་ནི་ག་དུས་ཡིན་རུང་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་ཡིན་པ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནི་ཏང་གི་ཆེས་གལ་ཆེ་ཤོས་དང་ཆེས་རྩ་བའི་སྒྲིག་ཁྲིམས་ཤིག་ཡིན་ལ། འགོ་ནས་མཇུག་བར་དོ་དམ་བྱེད་པའི་སྒྲིག་ཁྲིམས་ཤིག་ཀྱང་རེད། བོད་དུ་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་ཡོང་བ་བྱ་རྒྱུ་ནི་ཆབ་སྲིད་ཆེ་ཤོས་ཤིག་ཡིན་པས། ངེས་པར་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལག་བསྟར་ཡག་པོ་དང་སྲུང་སྐྱོང་ཡག་པོ་བྱ་རྒྱུ་སྔ་བར་ཕྱི་གསུམ་དུ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ། ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་སློབ་གསོའི་ཁྲོད་མངོན་པར་བྱེད་པ་དང་རྒྱ་ཆེའི་ཏང་ཡོན་ཚོར་རང་རྟོགས་ངང་ཆབ་སྲིད་ཐད་ཀྱི“གསལ་ཤེས་པ”ཞིག་བྱ་རྒྱུའི་སྐུལ་མ་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཡིན་མིན་ཆེན་པོའི་གནད་དོན་མདུན་དུ་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ་ཡོང་བ་བྱས་ཡོད།

ཏང་གི་སྒྲིག་ཡིག་སློབ་སྦྱོང་གཏིང་ཟབ་བྱས་པ། རུལ་སུངས་བྱེད་མི་འདོད་པའི་ཕུགས་ཕན་ལམ་སྲོལ་ཞིག་འཛུགས་པར་ཏང་གི་སྒྲིག་ཡིག་གི་སྤྱིའི་སྒྲིག་ལམ་ནས་འགོ་བཙུགས་ཏེ་ཕུགས་བསམ་དང་དད་སེམས་ཀྱི་རྩ་བའི་གནད་དོན་ཐག་གཅོད་ཡག་པོ་བྱས་ཡོད། གླེང་མོལ་དང་ཡིག་ཐོག་འདྲི་རྩད་དང་། དྲན་སྐུལ་སློབ་གསོ་གཏོང་བ། གྱོད་ཐོ་བཀོད་ནས་ཞིབ་བཤེར་བཅས་དམ་འཛིན་བྱ་གཞིར་བྱས་ནས་བསམ་འཆར་ཡོད་པ་དང་སྒྲིག་ཁྲིམས་ལས་འགལ་བའི་ཏང་ཡོན་ལ་ཏང་ཞུགས་དམ་ཚིག་བསྐྱར་དྲན་བྱེད་དུ་བཅུག་པ་དང་ཏང་གི་སྒྲིག་ཡིག་གཞིར་བཟུང་ཕུགས་བསམ་དད་སེམས་ཀྱི་རྩ་དོན་དང་། ཏང་གཤིས་རྩ་དོན། སྤྱོད་ཚུལ་དང་སྒྲིག་ཁྲིམས་སོགས་ཐད་ཀྱི་མི་འདང་བའི་ཆ་འཚོལ་བ་དང་རང་ཉིད་ལ་ཞིབ་བཤེར་དང་དབྱེ་ཞིབ་བྱས་ནས“སྤྲོ་སེམས་ཀྱིས་ཕྱུག་པའི་ལོ་ཟླའི”དྲན་ཤེས་གསལ་བ་བྱས་ཏེ་ཏང་ཡོན་ལས་བྱེད་པས་འཛམ་གླིང་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཀྱི“གཅུས་སྒོའི”གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་དད་སེམས་དང་སྤྱི་ཚོགས་རིང་ལུགས་དང་། གུང་ཁྲན་རིང་ལུགས་ཀྱི་དད་སེམས་བརྟན་དུ་བཏང་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་རྦད་དེ་བློ་དཀར་སེམས་དཀར་བྱས་ནས་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་ངོ་བོ་ནམ་ཡང་གནས་པར་བྱས་ཡོད།

དྲང་ཕྱོགས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་པ། དགོས་མཁོར་གཞིགས་ནས་སློབ་གསོ་གཏོང་བ་དང་ཕན་འབྲས་ཐོན་རྒྱུར་མཐོང་ཆེན་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་སྤྱི་ཡོངས་ལ་བསམ་གཞིག་བྱས་ཏེ་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཏང་ནང་ཁུལ་གྱི་འཚོ་བའི་སྦྱོང་བརྡར་ནན་པོ་དང་ཆབ་སྲིད་ཀྱི་དཀའ་སྡུག་ཆེན་པོའི་ཚོད་བགམ་ཉུང་བའི་གཞོན་ནུ་ལས་བྱེད་པའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་སློབ་གསོར་དམ་འཛིན་ཡག་པོ་བྱས་ཡོད། སྲིད་གཙང་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་པ་དང་། ཆེད་དོན་ཏང་གི་སློབ་ཚན་ཉན་པ། ཏང་གི་སློབ་གྲྭའི་གསོ་སྦྱོང་ནང་ཞུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད། སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཕྱིན་ཡོད། 2016ལོའི་ལོ་སྟོད་ཁོ་ནར་ལྗོངས་ཡོངས་ཀྱི་རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པའི“ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཉིས”ཀྱི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཐེངས་གཉིས་གཉེར་བའི་ནང་མི་194ཞུགས་ཡོད་པ་དང་། ལྗོངས་ཐད་གཏོགས་སྡེ་ཚན་དང་གཞུང་ཁོངས་ཁེ་ལས་བྱ་གཞག་ཚན་པར་བསྐྱོད་ནས་ཁྲིམས་སྲོལ་སྒྲོག་འགྲེལ་ཐེངས་13བྱས་པ་རེད།

“གློག་ཆེན”བཙུགས་ནས་སྒྲིག་ཁྲིམས་ཀྱི“ར་སྐྱོར”བརྟན་དུ་བཏང་བ།

བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་ལམ་ལུགས་ཀྱི“ཞན་ཆ”དང་གནད་དོན་བཙལ་བ། དུས་ཡུན་རིང་པོའི་ནང་བོད་རང་སྐྱོང་ལྗོངས་ཀྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བའི་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད། འོན་ཀྱང་བརྟག་ཞིབ་ཟབ་མོ་བྱས་པ་བརྒྱུད་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བའི་ལམ་ལུགས་བསྐྲུན་པའི་ཐད་ད་དུང་ལེ་ལག་ཆ་ཚང་པོ་མེད་པའི་གནད་དོན་སྔར་བཞིན་གནས་ཡོད། དུས་བབ་ལས་འགན་འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་མཐུན་པས་འབྲེལ་ཡོད་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བཟོ་བཅོས་བརྒྱབ་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་སྲུང་སྐྱོང་བྱ་རྒྱུ་གལ་ཆེན་པོ་ཡོད་པ་རེད།

“བཀག་རྒྱ་གསལ་ཐོ”རེ་རེ་བཞིན་བཀོད་ནས་བྱེད་སྤྱོད་ཀྱི་མཐའ་ཚད་དབྱེ་མཚམས་ཕྱེ་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་ཉེས་ཆད་ཀྱི་གཞི་འཛིན་ས་མི་འདང་བའི་གནད་དོན་ལ་དམིགས་པ་དང་དོན་དངོས་ལ་གཞི་ཚུགས་ནས། 《གུང་ཁྲན་ཏང་ཡོན་གྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ལ་ཉེས་ཆད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས(ཚོད་ལྟའི་ལག་བསྟར)》དང《བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་གཞུང་ཞབས་པས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ལ་ཉེས་ཆད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས(ཚོད་ལྟའི་ལག་བསྟར)》སྔ་རྗེས་སུ་བཟོས་ནས་པར་འགྲེམས་བྱས་ཤིང་། ཉེས་ཆད་གཏན་འབེབས་གཉིས་ནང་། བོད་ཀྱི་ཏང་ཡོན་དང་གཞུང་ཞབས་པས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་ཞིབ་ཕྲའི་གནས་ཚུལ་དབྱེ་མཚམས་ཕྱེ་ནས་ཉེས་ཆད་ཀྱི་གཞི་འཛིན་ས་ཁ་གསལ་དུ་བཏང་སྟེ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པའི་ཐད་ཁྲིམས་སྲོལ་གྱི་གཞི་འཛིན་ས་མཁོ་འདོན་བྱས་པ་དང་། 《འགོ་ཁྲིད་ལས་བྱེད་པས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁྲོད་འགན་ཤོར་འགན་འཛོལ་གྱི་བྱེད་སྤྱོད་ལ་འགན་འཁྲི་རྩད་གཅོད་བྱེད་པའི་གནས་སྐབས་ལག་བསྟར་གྱི་གཏན་འབེབས》བཟོས་ནས་པར་འགྲེམས་བྱས་ཏེ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པའི་ཐད་གཞི་འཛིན་ས་མཁོ་འདོན་བྱས་པ། 《ཁྲིམས་འགལ་རྩ་འཛུགས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་ཁྲོད་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་ཁྲིམས་འགལ་རྩ་འཛུགས་ལ་རྡུང་རྡེག་གཏོང་རིང“གཏན་འགོག་ལྔའི”སྒྲིག་ཁྲིམས་ཀྱི་བླང་བྱ་བཏོན་པ་དང་། “དམར་ཐིག”ཁ་གསལ་ཞིག་བཏོན་པ། ཕོག་ཐུག་གཏོང་དཀའ་བའི“གློག་ཆེན”ཞིག་བཙུགས་པ་བཅས་བྱས་ཡོད་པ་རེད།

རྡུང་རྡེག་དྲག་པོ་བཏང་ནས་གནོད་འཚེ་གཏོང་མཁན་མེད་པ་བཟོས་པ།

རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་རྒྱུ་དམ་འཛིན་བྱེད་གཞིར་བྱས་ནས་ཞིབ་ཕྲའི་བྱ་སྤྱོད་ཐོག་འཁྱོལ་བ་བྱས་པ་སྟེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་མཁན་ཤེས་རྟོགས་བྱུང་མ་ཐག་ཆད་པ་ནན་པོ་གཅོད་པ་དང་མགོ་འདེགས་མ་ཐག་ཉེས་རྡུང་དྲག་པོ་བཏང་བ་རེད།

མཐུན་སྦྱོར་ལ་སྣང་ཆེན་གྱིས་ཆད་པ་གཅོད་པའི་མཉམ་ཤུགས་ཆེ་རུ་བཏང་བ། འབྲེལ་ཡོད་འགན་ནུས་ལས་ཁུངས་དང་སྡེ་ཚན་གྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་རིང་རང་ཐག་རང་གཅོད་དང་སྤེལ་རེས་དང་མཐུན་སྦྱོར་ཡག་པོ་བྱུང་མེད་པ་དང་། གནད་དོན་གྱི་ཁུངས་སྣེ་རྒྱུད་སྤྲོད་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་རིང་མཐུན་སྦྱོར་མཉམ་ལས་ལམ་སྲོལ་བཙུགས་པ་དང་སྲིད་ཁྲིམས་དང་། འདྲི་གཅོད། ཞིབ་དཔྱོད། སྤྱི་བདེ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་། དེ་བཞིན་དྲ་རྒྱའི་ཆ་འཕྲིན་སྡེ་ཚན་བཅས་དབར་མཐུན་སྦྱོར་འབྲེལ་གཏུག་དང་། ཁུངས་སྣེ་རྒྱུད་སྤྲོད་དང་གྲོས་མོལ། གྱོད་གཞི་སྒྲུབ་གཉེར་མཐུན་སྦྱོར་དང་རིམ་སྤོར་འདྲི་ཞིབ་སོགས་བརྒྱུད་རིམ་ཁ་གསལ་བཟོས་ཏེ་འགན་ནུས་ལས་ཁུངས་དང་སྡེ་ཚན་དབར་ཕན་ཚུན་སྤེལ་རེས་དེ་བས་ལེགས་པ་དང་མཐུན་སྦྱོར་མཉམ་ལས་དེ་བས་ཟབ་པ་བྱས་པ་རེད།

ཞིབ་བཤེར་ཡང་ཡང་བྱས་ཏེ་སྒྲིག་ཁྲིམས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་། ཏང་གི་བོད་སྐྱོང་མཛད་ཇུས་དང་ལྷག་དོན་དུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི“བྱེད་ཐབས་ཁག་བཅུ”དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་རིང་ལས་གནས་ལས་རང་དགར་ཕྱིན་པ་དང་འགན་ཤོར་འགན་འཛོལ་གྱི་བྱེད་སྤྱོད་རིགས་ལ་ཐག་གཅོད་ནན་པོ་བྱས་ཡོད། སྐབས་བརྗེའི་སྒྲིག་ཁྲིམས་ནན་པོ་སྐོར་གཡེང་སྐོར་ཞིབ་ཀྱི་ལས་ཀའི་ཁྱབ་ཁོངས་ནང་བཅུག་ནས་ལྟ་སྐུལ་གྱི་གཙོ་གནད་དུ་བརྩིས་ཏེ་ཏང་སྲོལ་སྲིད་གཙང་བསམ་འཆར་གྱི་ལན་སློག་འགག་སྒོ་ནན་པོ་བསྲུངས་པ་དང་སྐབས་བརྗེའི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་རིགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་སྐབས་བརྗེའི་དར་སྲོལ་བཟང་པོ་ཡོང་རྒྱུར་འགན་ལེན་བྱས་ཡོད།

ཆད་པ་གཅོད་ཤུགས་ནན་དུ་བཏང་ནས་ནུས་ལྡན་གྱི་ཟིལ་གནོན་ཞིག་ཆགས་པ་བྱས་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་རིགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པའི་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་གནད་དོན་སྒྲིག་ཁྲིམས་ལ་ཞིབ་བཤེར་བྱེད་པའི་གཙོ་གནད་དུ་བརྩིས་པ་དང་། ཁུངས་སྣེ་སྔོན་ལ་གྲལ་བཤེར་བྱེད་པ་དང་། དཔྱད་ཞིབ་ཐོག་མ་སྔོན་ལ་དཔྱད་ཞིབ་བྱེད་པ། གྱོད་ཐོ་འགོད་རིགས་སྔོན་ལ་རྩད་གཅོད་མཐའ་གསལ་བྱེད་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་རིགས་ཀྱི་གྱོད་གཞི་ཡིན་ཕྱིན། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་གཅིག་གྱུར་ངང་རིམ་སྤོར་འདྲི་ཞིབ་བྱས་ཡོད་པ་དང་། ཟླ་ཆུང་དང་ལིའུ་ཡུས་ཁྲའོ་སོགས་ཀྱིས་རྩ་འཛུགས་ཀྱི་ཞིབ་བཤེར་ལ་ཁ་གཏད་དུ་ལངས་པའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཡོངས་སུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་གྱོད་གཞི་63ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་70ལ་ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་ཆད་པ་བཅད་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།