རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུད་ཚོགས་འདུ་འཚོགས་པ།

བོད་ལྗོངས་ཉིན་རེརི་ཚགས་པར།

| 2016-10-10 17:57:05

རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུད་ཚོགས་འདུ་འཚོགས་པ།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བཏུས》སློབ་སྦྱོང་སྙན་ཞུའི་ཚོགས་འདུའི་ཐོག་གནང་ བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང《〈ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བཏུས〉སློབ་སྦྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་ དབྱང་གི་གཏན་འབེབས》སོགས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་འབྲེལ་ཉེ་དུས་ལས་དོན་བཀོད་སྒྲིག་ཀྱང་བྱས་པ།

ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་8ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་ཚོགས་འདུ་འཚོགས་ནས《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བཏུས》སློབ་སྦྱོང་སྙན་ཞུའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང《〈ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བཏུས〉སློབ་སྦྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》བརྒྱུད་བསྒྲགས་སློབ་སྦྱོང་དང་། ཏང་ཨུད་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་གི་ཉམས་མྱོང་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུ་དང་། ཕྱོགས་ཡོངས་ནས་ས་ཁུལ་དབུལ་པོའི་འོས་འགན་སློབ་གསོའི་ཉམས་ཞན་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་རྒྱུའི་ལས་དོན་གྱི་ས་གནས་ས་ཐོག་གི་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་སྐོར་གྱི་བརྡ་ཁྱབ་བཏང་བ་དང་འབྲེལ་ལྗོངས་ཡོངས་ཀྱི་ཉེ་དུས་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བཏུས》སློབ་སྦྱོང་སྙན་ཞུའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དེ་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ཐོག་ནས《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བཏུས》སློབ་སྦྱོང་བྱ་རྒྱུའི་དོན་སྙིང་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་གནང་བ་དང་།《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བཏུས》སློབ་སྦྱོང་བྱ་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད་ཅེས་གསུངས་པ་རེད།

ཚོགས་འདུའི་ཐོག《ཧུའུ་ཅིན་ཐའོ་ཡི་གསུང་རྩོམ་གཅེས་བཏུས》སློབ་སྦྱོང་བྱེད་དུས། བོད་འདི་ཉིད་དུས་རབས་གསར་པར་བསྐྱོད་ཚུན་གྱི་རླབས་ཆེན་ལོ་རྒྱུས་འཕེལ་རིམ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་དགོངས་པ་དང་། བོད་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུ། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ། བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ། མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་སྐོར་གྱི་བློ་མཐུན་ཧུའུ་ཅིན་ཐའོ་ཡི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་ནས་བོད་ཀྱི་ལས་དོན་གྱི་ཡང་དག་ཁ་ཕྱོགས་སྟངས་འཛིན་ནན་པོ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་རྒྱག་པ། ལྗོངས་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་མཐའ་གཅིག་ཏུ་སྲུང་སྐྱོང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོ་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། ཆོས་ལུགས་ཞི་མཐུན་དང་བསྟན་དོན་ལམ་ལྷོངས་ཀྱི་དགོན་སྡེའི་ཞི་མཐུན་ལ་སྐུལ་འདེད་གཏོང་བ། རྒྱུན་ཆད་མེད་པར་ཏང་གི་སྲིད་འཛིན་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཏང་དང་མི་དམངས་ལ་བློ་ཡིད་ཚིམས་པའི་རྒྱུགས་ཤོག་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ཏང་ཨུད་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་གི་ཉམས་མྱོང་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་དུས་བབ་གསར་པའི་འོག་ཏང་ཨུད་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པས། དེ་ནི་ང་ཚོས་ཏང་ཨུད་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ལ་དམ་འཛིན་བྱེད་པའི་བསྟུན་ས་གལ་ཆེན་ཡིན། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ལྟེ་བའི་ཚོགས་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་གཙོ་གནད་ལས་འགན་དུ་བརྩིས་ནས། རྒྱུན་ཆད་མེད་པར་སློབ་སྦྱོང་སྤེལ་རེས་ལས་དོན་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱས་པ་མ་ཟད། ཏང་ཨུད་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་གི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པར་བརྟེན་གྲུབ་འབྲས་ཏན་ཏིག་ཐོབ་ཡོད། སླད་ཕྱིན་རྒྱུན་ཨུ་ལིའུ་ཡུན་ཧྲན་གྱིས་ཏང་ཨུད་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཉམས་མྱོང་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་བླང་བྱར་གཞིགས་ནས། སློབ་སྦྱོང་གིས་བསམ་བློའི་རིགས་པའི་གཞུང་ལུགས་འཛུགས་སྐྱོང་གི་འདེགས་སྐྱོར་གལ་ཆེན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་ཏང་ཨུད་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ལས་འགན་དང་པོར་བརྩིས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱས་ཐོག་མ་རྩོམ་ལྟ་ཀློག་དང་། མ་རྩོམ་སློབ་སྦྱོང་། རྩ་བའི་རིགས་པར་གོ་བ་ལེན་པ་བཅས་ལ་གཞོལ་ཏེ་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སྟངས་འཛིན་ནན་པོ་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་བསམ་བློར་དྲག་ཆས་སྤྲོད་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། ཕུལ་བྱུང་སློབ་སྲོལ་དར་སྤེལ་གཏོང་བ། དུས་བསྟུན་འཕེལ་རྒྱས་ཀྱི་བྱེད་ཐབས་གསར་གཏོད། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དཔྱད་ཞིབ་གདེང་འཇོག་ལ་ཤུགས་སྣོན་རྒྱག་པ། ཆེད་དོན་དང་བྱེད་ཐབས་གཏན་འཁེལ་བཅས་བྱས་ཏེ། ཏང་ཨུད་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚན་རིག་ཅན་དང་ཚད་གཞི་ཅན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་ཞེས་གསུངས།

ཚོགས་འདུའི་ཐོག་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་ཏང་གི་འགོ་ཁྲིད་སྐབས་བརྗེའི་བརྒྱུད་རིམ་ཡོངས་ལ་ཁྱབ་པ་དང་། འཐུས་མི་དང་ཨུ་ཡོན་གྱི་འོས་མི་འདེམས་པའི་འགག་སྒོ་ནན་པོ་སྲུང་བ། སྲིད་གཙང་གཞུང་དྲང་གི་སྐབས་བརྗེའི་ཁོར་ཡུག་གཏོད་པ་བཅས་མཐའ་འཁྱོངས་བྱས་ཏེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་ནུས་ལྡན་དང་། གོ་རིམ་ལྡན་པ། ཕན་འབྲས་ཐོན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་སྟེ་སྐབས་བརྗེའི་ལས་དོན་བསྒྲུབས་ཟིན་པའི་ས་གནས་སུ“སྒྲིག་འགལ་དང་། ཐེར་འདོན། གོང་གཏུག་བཅས་ཀྱི་གནས་ཚུལ་མི་ཐོན་པ”བྱས་ནས་སྟོན་ཕྱོགས་དང་། སྤྱོད་ཚུལ། རྣམ་པ་བཟང་པོ་བཅས་ཐོན་ཐུབ་པ་བྱེད་དགོས། གོམ་སྟབས་རྗེས་མའི་ལས་དོན་ཐད་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། ཉམས་མྱོང་བྱེད་ཐབས་ཕྱོགས་སྡོམ་དང་ཕྱོགས་ཡོངས་ནས་ཚང་བཤེར་ཁ་གསབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་རིམ་པའི་སྐབས་བརྗེའི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་གསུངས།

ཚོགས་འདུའི་ཐོག་མིག་སྔའི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད། གཅིག་ནས་རབ་རིབ་ཀྱི་བསམ་བློ་དང་དམག་འཐབ་ལ་བསུན་སྣང་བྱེད་པའི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཉེན་བརྡ་ཡུན་རིང་གཏོང་བ་དང་རང་སྐྱོང་ལྗོངས་ཀྱིས་གཏན་ལ་འཁེལ་བའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་ཆད་ལུས་མེད་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱས་ཐོག་ལྗོངས་ཡོངས་སུ“མེད་པ་གསུམ”དང་། “མི་ཐོན་པ་གསུམ” “བརྟན་ལྷིང་གསུམ”བཅས་འགན་ལེན་བྱས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་རྒྱལ་ཁའི་ངང་འཚོག་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས་པ་དང་། གཉིས་ནས་དུས་ཚིགས་གསུམ་པའི་དཔལ་འབྱོར་འཁོར་སྐྱོད་ལ་དབྱེ་ཞིབ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་ཐོག དུས་ཚིགས་བཞི་པའི་དཔལ་འབྱོར་འཁོར་སྐྱོད་ལས་དོན་དམ་འཛིན་ནན་པོ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་དང་། ཞིང་འབྲོག་ལས་ཐོན་སྐྱེད། གེགས་འགོག་གེགས་སེལ། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་འཛུགས་ལོའི་ལས་དོན་གྱི་ལས་འགན་ཁག་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ། གསུམ་ནས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཚད་དམ་སྲུང་བྱས་ཏེ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར་ཤུགས་ཆེན་དང་། རྒྱལ་ཁབ་སྣོད་བཅུད་ཕྱོགས་བསྡུས་གུན་གསབ་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུར་ཤུགས་བརྒྱབ་དགོས་པ། བཞི་ནས་གོམ་སྟབས་བརྟན་པོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ལས་དོན་ལ་སྐུལ་འདེད་བཏང་ནས་ཀྲུང་དབྱང་གི་ཁ་གསལ་བཀོད་སྒྲིག་དང་། འཐུས་སྒོ་ཚང་བའི་ཆ་རྐྱེན། མིག་སྔར་ཁྱབ་གདལ་གཏོང་དགོས་པ་བཅས་ཀྱི་ལས་འགན་ཁག་མགྱོགས་མྱུར་དོན་འཁྱོལ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱས་ནས་ཐོབ་སེམས་དང་། བདེ་སྐྱིད་ཚོར་སེམས། གནས་སེམས། བདེ་འཇགས་ཀྱི་བསམ་པ་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་པ། ལྔ་ནས་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་འགྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་དམངས་འཚོ་སྔོན་ལ་འཇོག་པ་དང་དམངས་འཚོ་སྔོན་ལ་ལག་ལེན་བྱ་རྒྱུ་མུ་མཐུད་མཐའ་འཁྱོངས་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་ཤུགས་ཆེ་རུ་གཏོང་བ། ལེ་ལག་ཚང་བའི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། བྱ་གཞག་ལ་བརྟེན་ནས་མི་སེམས་གནས་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱིས་འདི་ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ། དྲུག་ནས་སྐབས་བརྗེའི་གྲུབ་འབྲས་སྲ་བརྟན་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་ནན་པོ་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི“སྤུ་གྲི”ཡག་པོ་སྤྱོད་པ། ཐར་པར་མི་གཏོང་བའི་རྣམ་འགྱུར་གྱིས་རུལ་སུངས་ལ་ཆད་པ་གཅོད་པ་བཅས་བྱས་ཏེ་གངས་ལྗོངས་ས་མཐོའི་སྲིད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཟང་པོ་གཏོད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།