པད་མ་འཕྲིན་ལས་ཀྱིས་གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དུ་བརྟག་ཞིབ་གནང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-10-10 10:13:55

ཚེས་7ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་གཞིས་རྩེ་གྲོང་ཁྱེར་དུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་བྱེད་པ་དང་ལས་བཟོར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། གྲོང་ཁྱེར་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་སྒོའི་ཁང་པ་ཉམས་གསོ་དང་སྒྱུར་བཀོད་ཀྱི་ལས་གྲྭའི་འཛུགས་སྐྲུན་སྐོར་རྟོག་ཞིབ་ཀྱང་གནང་བ་རེད། ཁོང་གིས་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་གོ་སྐབས་དམ་འཛིན་དང་དམ་འཛིན་དངོས་སྒྲུབ་བྱེད་པ་དང་། རང་ངོས་འཛུགས་སྐྱོང་དང་ཁྲིམས་ལྟར་འགན་དབང་ལག་བསྟར་སྔར་བས་བྱེད་པ། སྒྱུར་འཕེལ་བརྟན་གསུམ་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་སྒོའི་ཁང་པ་ཉམས་གསོ་དང་སྒྱུར་བཀོད་བྱ་ཡུལ་དུ་པད་མ་འཕྲིན་ལས་ཀྱིས་ལས་སྒྲུབ་མི་སྣ་དང་བྱམས་བརྩེའི་བཀའ་མོལ་གནང་སྟེ་ལས་གྲྭའི་འཕེལ་རིམ་ལ་མཁྱེན་རྟོགས་དང་སྒྱུར་བཀོད་རྣམ་གྲངས་ཀྱི་གནས་ཚུལ་སྙན་སེང་ལ་གསན་པ་རེད། པད་མ་འཕྲིན་ལས་ཀྱིས་གཞིས་རྩེ་གྲོང་ཨུད་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གཞིས་རྩེ་གྲོང་ཨུད་ཀྱིས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་འཛུགས་སྐྲུན་དང་། སྒྲིག་གཞིའི་སྒྲིག་ཁུངས། མི་སྣ་བཀོད་སྒྲིག འཐུས་མི་གསོ་སྦྱོང་སོགས་ཕྱོགས་གང་ཐད་ནས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པ་ནི་དུས་སྐབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་ཁྲིད་གལ་ཆེན་ལག་བསྟར་དོན་འཁྱོལ་གྱི་མཚོན་ཚུལ་ཞིབ་ཕྲ་ཡིན་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་དོན་འཁྱོལ། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་མ་གཏོང་བ་བཅས་ཀྱི་མཚོན་ཚུལ་ཞིབ་ཕྲའང་ཡིན་ཞེས་བསྟན་གནང་བ་རེད།

པད་མ་འཕྲིན་ལས་ཀྱིས་གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱིས་བསམ་བློ་དང་བྱ་སྤྱོད་དེ“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ཐོག་གཅིག་གྱུར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཐོག་གཅིག་གྱུར་བཅས་བྱས་ཏེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། གྲོང་ཨུད་ཀྱིས་འགོ་ཁྲིད་རྒྱུ་ཐོག་མཐའ་བར་གསུམ་དུ་དང་ལེན་མཐའ་འཁྱོངས་བྱེད་པ། གྲོང་ཁྱེར་དེ་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་རང་རྟོགས་ངང་ཞབས་འདེགས་ཞུ་བ། ནན་ཏན་ངང་འགན་དབང་ལག་བསྟར་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་པ། ལྷག་དོན་དུ་ཆུས་འཛུགས་ལ་དཀྲིས་པའི་གྲོང་ཁྱེར་གྱི་ཁྲིམས་འཛུགས་དབང་ཆའི་གོ་སྐབས་དམ་འཛིན་བྱེད་པ། ཁྲིམས་འཛུགས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ཁྲིམས་ལྟར་གྲོང་ཁྱེར་བཅོས་སྐྱོང་གི་འཕེལ་རིམ་ལ་སྐུལ་མ་ཤུགས་ཆེན་གཏོང་བ་བཅས་སྒྱུར་འཕེལ་བརྟན་གསུམ་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ལས་གྲྭ་འཛུགས་སྐྲུན་སྔར་བས་ཡག་པོ་བྱ་རྒྱུའི་ཐད། པད་མ་འཕྲིན་ལས་ཀྱིས་ལས་གྲྭ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་དང་རྣམ་གྲངས་ཁྲིམས་མིས་བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་རྣམ་གྲངས་ཀྱི་ལྟ་སྡོམ་ལ་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་ཀྱི་ཚད་གཞི་ནན་པོ་ལྟར་ཐོན་སྐྱེད། ལས་གྲྭའི་སྤུས་ཚད་ཀྱི་འགག་སྒོ་ནན་སྲུང་། འཛུགས་སྐྲུན་གྱི་ལས་འགན་སྔ་ཙམ་ནས་ལེགས་གྲུབ། སྤུས་ལེགས་ལས་གྲྭ་བསྐྲུན་རྒྱུར་འགན་ལེན། སྔ་ཙམ་ནས་བྱེད་ནུས་ཀྱི་ཕན་འབྲས་འདོན་པ་བཅས་བྱ་རྒྱུའི་བླང་བྱ་བཏོན་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།