རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་31པ་འཚོགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-19 09:55:03

ཚེས་17ཉིན་གྱི་ཕྱི་དྲོ་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་31པ་དེ་ལྷ་སར་སྐོང་འཚོཌ་བྱས་པ་རེད།

ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་རྡོ་རྗེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས་དང་། བསོད་ནམས་རིག་འཛིན། མཚམས་ཆུང། ང་ཕོད་འཇིགས་ཡོན། དྲུང་ཆེ་བསོད་ནམས་འཕེལ་རྒྱས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག《མཐའ་མཚམས་ཀྱི་སློབ་གསོ་དང་གྲོས་གཞི་གྲོས་མོལ་ལས་དོན་ཐད་བརྟག་ཞིབ་བྱ་ཚུལ་སྐོར་གྱི་སྙན་ཞུ》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱ་ཚུལ་སྐོར་གྱི་བརྟག་ཞིབ་གྲོས་འགོ》《རང་སྐྱོང་ལྗོངས་སྲིད་གྲོས་ཀྱི“གྲོས་གཞིའི་ལས་དོན་གྱི་དགེ་མཚན་འདོན་སྤེལ་དང་། གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི”ཆེད་དོན་གྲོས་མོལ་ཚོགས་འདུའི》ཉིན་རེའི་གྲོས་རིམ་དང《རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་ཀའི་ཉམས་མྱོང་སྤེལ་རེས་དང་གཟེངས་བསྟོད་ཚོགས་འདུའི》ཉིན་རེའི་གྲོས་རིམ། 《རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཕུལ་བྱུང་གྲོས་གཞི་དང་། གྲོས་གཞི་སྒྲུབ་གཉེར་གྱི་སྔོན་ཐོན་སྡེ་ཚན། གྲོས་གཞི་སྒྲུབ་གཉེར་གྱི་སྔོན་ཐོན་ལས་དོན་པའི་མིང་ཐོ》བཅས་ཉན་པ་དང་དེར་གྲོས་ཞིབ་བྱས་པ་རེད། ཚོགས་འདུའི་ཐོག་མཐའ་མཚམས་སློབ་གསོ་དང་གྲོས་གཞི་གྲོས་མོལ་ལས་དོན་སྐོར་གྱི་བརྟག་ཞིབ་སྙན་ཞུ་ནང་དོན་ཁ་གསལ་བ་དང་། རང་ལྗོངས་ཀྱི་དོན་དངོས་དང་མཐུན་པས་དེར་མཚོན་བྱེད་རང་བཞིན་དང་དམིགས་སའི་རང་བཞིན་ཅུང་ཆེན་པོ་ལྡན་པའི་ངོས་འཛིན་བྱས་པ་དང་། ཚོགས་འདུའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱས་ཚུལ་སྐོར་གྱི་བརྟག་ཞིབ་གྲོས་འགོ་དང་།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི“གྲོས་གཞིའི་ལས་དོན་གྱི་དགེ་མཚན་འདོན་སྤེལ་དང་། གྲོས་མོལ་དམངས་གཙོའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི”ཆེད་དོན་གྲོས་མོལ་ཚོགས་འདུའི་ཉིན་རེའི་གྲོས་རིམ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་ཀའི་ཉམས་མྱོང་སྤེལ་རེས་དང་གཟེངས་བསྟོད་ཚོགས་འདུའི་ཉིན་རེའི་གྲོས་རིམ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཕུལ་བྱུང་གྲོས་གཞི་དང་། གྲོས་གཞི་སྒྲུབ་གཉེར་གྱི་སྔོན་ཐོན་སྡེ་ཚན། གྲོས་གཞི་སྒྲུབ་གཉེར་གྱི་སྔོན་ཐོན་ལས་དོན་པའི་མིང་ཐོ་བཅས་ལ་རྩ་བའི་ཆ་ནས་མོས་མཐུན་བྱས་པ་རེད།

ཚོགས་འདུའི་ཐོག་ལྗོངས་སྲིད་གྲོས་གཞུང་དོན་ཐིང་དང་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ཀྲུའུ་ཞིའི་ཚོགས་འདུའི་བསམ་འཆར་ལ་གཞིགས་ནས་འབྲེལ་ཡོད་ལས་དོན་དང་ཚོགས་འདུའི་གྲ་སྒྲིག་ལས་དོན་དུས་ཐོག་ཏུ་འཐུས་སྒོ་ཚང་དུ་བཏང་ནས་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་དང་ཚོགས་འདུ་དེ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།