རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་སྲུང་སྐྱོབ་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-19 09:54:07

ཉིན་ཤས་གོང་ངོ་མཚར་ཆེ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་འཁྲབ་སྟོན་ཞིག་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འཁྲབ་པ་རེད།

འཁྲབ་སྟོན་དེ་འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པའི《བཀྲ་ཤིས་ཞོལ་པ》ནས་འགོ་བརྩམས་ཤིང་། འཁྲབ་སྟོན་ཧྲིལ་པོའི་ནང་གླིང་སྒྲུང་དང་། སྟོད་གཞས། ལ་གཞས། ཤོན་སོགས་ས་ཁུལ་ཁག་གི་ཕུལ་བྱུང་མངོན་མིན་རིག་གནས་ཤུལ་བཞག་འཁྲབ་ཚན་11ཡོད་ལ་འཁྲབ་སྟོན་བྱེད་མཁན་མང་ཆེ་བ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་རྒྱུན་འཛིན་རུ་ཁག་གི་འཁྲབ་སྟོན་པ་ཡིན་ཞིང་། ཁོང་ཚོས་ལྟད་མོ་བ་300ཙམ་ལ་གར་ཉམས་མཛེས་ཤིང་ནང་དོན་ཕུན་སུམ་ཚོགས་པའི་གླུ་གར་འཁྲབ་སྟོན་བྱས་ནས་ལྟད་མོ་བར་བག་ཆགས་ཟབ་མོ་བཞག་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2005ལོ་ནས་བཟུང་རང་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་གྲྭ་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་ཡོད། ལོ་10ཡི་རིང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་ཁྱོན་བསྡོམས་སྒོར་དུང་ཕྱུར་1.3ལྷག་ཙམ་བཏང་ཞིང་། མིག་སྔར་རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་གྱི་ཕྱི་རོལ་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་རྒྱུན་འཛིན་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ནས་སྲུང་སྐྱོབ་ལས་དོན་དེ་ཁྲིམས་ལུགས་ཅན་དང་ཚད་ལྡན་ཅན་གྱི་ལམ་བུ་གསར་པའི་ཐོག་བསྐྱོད་པ་དང་ལྗོངས་ཡོངས་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་སྒོའི་ནང་ཐད་ཀར་ཞུགས་པའི་མི་གྲངས་ཁྲི་3ཙམ་ཟིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།