《བོད་ལྗོངས་གསར་པ》ཞེས་པའི་དུས་དེབ་ཐོག་བློ་མཐུན་ཏེང་ཞའོ་ཀང་གི་རིགས་པའི་གཞུང་ལུགས་སྐོར་གྱི་རྩོམ་ཡིག་སྤེལ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-04 09:39:53

2015ལོའི་ཟླ་6ཚེས་5ཉིན་གྱི་འདོན་ཐེངས་དྲུག་པའི《བོད་ལྗོངས་གསར་པ》ཞེས་པའི་དུས་དེབ་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་བློ་མཐུན་ཏེང་ཞའོ་ཀང་གི་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག《ཁྲིམས་ལྟར་བོད་སྐྱོང་བའི་བླང་བྱ་གསར་པ་ཁོང་དུ་འཕྱུགས་མེད་ཆུད་པ་བྱས་ཏེ་མཐའ་མཚམས་བསྐྱངས་ནས་བོད་བརྟན་ལྷིང་ཡོང་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས》ཞེས་པ་བཏོན་ཡོད།

རྩོམ་ཡིག་དེ་ཁག་གསུམ་ལ་བགོས་ཡོད་པ་སྟེ། གཅིག ཁྲིམས་ལྟར་བོད་སྐྱོང་བའི་བླང་བྱ་གསར་པ་ཁོང་དུ་འཕྱུགས་མེད་ཆུད་པའི་ཐོག་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་བསམ་བློ་གཅིག་གྱུར་དང་། ལག་ལེན་ལ་མཛུབ་ཁྲིད་ཡོང་བ་བྱེད་དགོས་པ་དང་། གཉིས། ཁྲིམས་ལྟར་བོད་སྐྱོང་རྒྱུར་བརྟེན་ནས་སྤྱི་ཡོངས་ལ་གཅིག་འདོམས་བྱས་ཏེ་མཐའ་མཚམས་བསྐྱངས་ནས་བོད་བརྟན་ལྷིང་ཡོང་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པ། གསུམ། ཏང་གིས་ཁྲིམས་ལྟར་བོད་སྐྱོང་བའི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སུ་བཏང་སྟེ་ཏང་གི་ཁྲིམས་སྐྱོང་ལས་དོན་ཐད་ཀྱི་སྟངས་འཛིན་དབང་ཆ་བརྟན་དུ་གཏོང་དགོས་པ་བཅས་ཡིན།

རྩོམ་ཡིག་ནང་། ཁྲིམས་སྐྱོང་ནན་པོ་བྱ་རྒྱུ་ནི་མཐའ་མཚམས་བསྐྱངས་ནས་བོད་བརྟན་ལྷིང་ཡོང་བར་ངེས་པར་བརྒྱུད་དགོས་པ་ཞིག་ཡིན། ལྗོངས་ཏང་ཨུད་ཀྱིས་བསྟན་པའི་ཁྲིམས་ལྟར་བོད་སྐྱོང་བའི་སྤྱིའི་དམིགས་ཚད་ནི། ཁྲིམས་ལྟར་བོད་སྐྱོང་རྒྱུ་སྤྱི་ཡོངས་ལ་ཁྱབ་པའི་གཞི་རྐང་ཡིན་པ་དེས་སྒོ་ཀུན་ནས་ཁྲིམས་ལྟར་བོད་སྐྱོང་རྒྱུར་སྐུལ་མ་གཏོང་བར་གཙོ་རྐང་བོགས་ཐོན་གྱི་དོན་སྙིང་ལྡན་ཡོད། དེས་ན་ང་ཚོས་སྤྱིའི་དམིགས་ཚད་ལ་བརྟན་པོར་བསྡིགས་ནས་ཁོང་དུ་འཕྱུགས་མེད་ཆུད་པར་བྱས་ཚེ། ནུས་པ་ཆེན་པོ་ཐོན་ནས་ཕུགས་ལ་ཕན་པ་ཡོང་ངེས་ཡིན། ལྗོངས་ཏང་ཨུད་ཀྱིས་བསྟན་པའི་ཁྲིམས་ལྟར་བོད་སྐྱོང་བའི་གཞི་རྩའི་རྩ་དོན་ནི་ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱི་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་འགལ་འདུ་མེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པས་ང་ཚོས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་རྒྱུན་བསྐྱངས་ཚེ། ཁྲིམས་ལྟར་བོད་སྐྱོང་རྒྱུ་དེ་ཡང་དག་པའི་ཕྱོགས་སུ་བསྐྱོད་རྒྱུར་འགན་ལེན་ཐུབ། ལྗོངས་ཏང་ཨུད་ཀྱིས་བསྟན་པའི་ཁྲིམས་ལྟར་བོད་སྐྱོང་བའི་ལས་འགན་གཙོ་བོས། རྩ་ལག་མཉམ་བཅོས་དང་། ད་ཆ་དང་སླད་ཕྱིན་དང་འབྲེལ་བ་མཚོན་ལ་སྲིད་དབང་དང་། ཆབ་སྲིད། སྤྱི་ཡོངས། འགན་འཁྲི་བཅས་ཀྱི་འདུ་ཤེས་དང་འགན་ལེན་ཕོད་པའི་སྙིང་སྟོབས་ལེགས་པར་མཚོན་ཡོད་ཅེས་འཁོད་ཡོད།

ཡང་རྩོམ་ཡིག་ནང་། ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་སྙིང་པོ་ཡིན། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་བར་སྐུལ་མ་གཏོང་བར་ངེས་པར་དུ་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛུགས་སྐྱོང་གི་ཡང་དག་ཁ་ཕྱོགས་སྔ་བར་ཕྱི་གསུམ་དུ་སྟངས་འཛིན་ཡག་པོ་བྱེད་དགོས། ཏང་ཡོན་ལས་བྱེད་པ་མི་རེ་ངོ་རེས་ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ནན་པོ་སྲུང་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐད་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཐོག་མཐའ་བར་གསུམ་དུ་ཡོང་བ་བྱེད་དགོས་ཁར་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་དང་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་བའི་ནང་ངེས་པར་དུ་འགོ་ཁྲིད་ལས་བྱེད་པའི་འགག་རྩའི་ནུས་པ་ལེགས་པར་བཏོན་ནས་རང་རྟོགས་ངང་ཁྲིམས་སྐྱོང་གི་བསམ་བློ་གཏོང་སྟངས་དང་ཁྲིམས་སྐྱོང་སྟངས་ཀྱི་གནད་དོན་ལ་བསམ་གཞིག་དང་། ཐབས་ཇུས་འགོད་པ། དོན་འཁྱོལ་དམ་འཛིན་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་བོད་འཛུགས་སྐྲུན་དང་སྐུལ་མ་གཏོང་མཁན་གྱི་འགན་འཁྲི་གཙང་སྒྲུབ་ཏན་ཏིག་བྱེད་དགོས། ཁྲིམས་སྐྱོང་ལས་དོན་དཔུང་ཁག་འཛུགས་སྐྱོང་ལ་ངེས་པར་དུ་མཐོང་ཆེན་བྱས་ནས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལས་དོན་ཨང་དང་པོར་དམ་དུ་བཟུང་སྟེ་འགོ་ཁྲིད་ཚན་ཁག་གི་འགག་གནད་དེ་མི་གློད་པར་ནུས་པའི་བྱང་ཚད་ཀྱི་ལྟེ་བ་མངོན་གསལ་དོད་པོ་དང་སློབ་གསོ་གསོ་སྐྱོང་འགན་ལེན་ཏན་ཏིག་ཡོང་བའི་ཐོག་ནས་ཁྲིམས་སྐྱོང་ལས་དོན་རུ་ཁག་གི་ཕྱོགས་བསྡུས་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། གནད་དོན་ལ་ངེས་པར་དུ་ཁྲིད་སྟོན་བྱས་ནས་ལམ་སྲོལ་འཐུས་ཚང་དང་དོན་འཁྱོལ་བྱས་ཏེ་སྒྱུར་བཅོས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་མཉམ་ཤུགས་ཆེན་པོ་ཆགས་པར་བགྱིས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་བར་སྐུལ་མ་གཏོང་བའི་ལས་འགན་གཙོ་བོ་དོན་འཁྱོལ་གནད་སྨིན་གང་མགྱོགས་ཡོང་བ་བྱེད་དགོས་ཞེས་འཁོད་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།