ད་ལོ་རང་ལྗོངས་ཀྱི་རྒྱུགས་སྤྲོད་སློབ་མ་ཁྲི་2.1མཐོ་རྒྱུགས་ནང་ཞུགས་རྒྱུ་ཡིན་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-04 09:38:13

ཚེས་1ཉིན་གྱི་ཕྱི་དྲོ་གསར་འགོད་པར་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོའི་རང་ལྗོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལེན་གྱི་རྒྱུགས་ར་བཀོད་སྒྲིག་ལས་དོན་བདེ་བླག་ངང་མཇུག་འགྲིལ་བ་རེད།

ད་ལོ་ལྗོངས་ཡོངས་སུ་མཐོ་རྒྱུགས་དཀྱུས་མར་རྒྱུགས་ལེན་ཐོ་འགོད་སློབ་མ་ཁྱོན་བསྡོམས་21145ཡོད་པ་དང་ཁྱོན་བསྡོམས་རྒྱུགས་ཁུལ་10དང་རྒྱུགས་ཚིགས་23ཡོད། སློབ་གསོ་པུའི་རྒྱུགས་དོན་གཏན་འབེབས་གཞིར་བཟུང་། རང་ལྗོངས་ཀྱི་རྒྱུགས་ར་ཚང་མར་རྩིས་རྒྱག་འཕྲུལ་འཁོར་གྱིས་སྐབས་བསྟུན་སྤེལ་མར་བཀོད་སྒྲིག་བྱ་རྒྱུ་ལག་བསྟར་བྱས་པ་དང་ཁྱོན་བསྡོམས་རྒྱུགས་ར་739སྒྲིག་འགོད་བྱས་ཡོད་པ་ཞིབ་ཕྲ་གཤམ་གསལ། ལྷ་སའི་རྒྱུགས་ཁུལ་དུ་རྒྱུགས་ཚིགས་5དང་རྒྱུགས་ར་239ཡོད་པ་དང་། ཆབ་མདོ་རྒྱུགས་ཁུལ་དུ་རྒྱུགས་ཚིགས་3དང་རྒྱུགས་ར་86ཡོད་པ། ལྷོ་ཁ་རྒྱུགས་ཁུལ་དུ་རྒྱུགས་ཚིགས་3དང་རྒྱུགས་ར་113ཡོད་པ། གཞིས་རྩེ་རྒྱུགས་ཁུལ་དུ་རྒྱུགས་ཚིགས་5དང་རྒྱུགས་ར་155ཡོད་པ། ནག་ཆུ་རྒྱུགས་ཁུལ་དུ་རྒྱུཌ་ཚིགས་1དང་རྒྱུགས་ར་44ཡོད་པ། མངའ་རིས་རྒྱུགས་ཁུལ་དུ་རྒྱུགས་ཚིགས་1དང་རྒྱུགས་ར་13ཡོད་པ། ཉིང་ཁྲི་རྒྱུགས་ཁུལ་དུ་རྒྱུགས་ཚིགས་2དང་རྒྱུགས་ར་57ཡོད་པ། གོར་མོ་རྒྱུགས་ཁུལ་དུ་རྒྱུགས་ཚིགས་1དང་རྒྱུགས་ར་2ཡོད་པ། བོད་ལྗོངས་མི་རིགས་སློབ་ཆེན་རྒྱུགས་ཁུལ་དུ་རྒྱུགས་ཚིགས་1དང་རྒྱུགས་ར་14ཡོད་པ། ཁྲེང་ཏུའུ་རྒྱུགས་ཁུལ་དུ་རྒྱུགས་ཚིགས་1དང་རྒྱུགས་ར་16ཡོད་པ་བཅས་རེད།

ད་ལོ་རང་ལྗོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་རྒྱུགས་ལེན་ཚང་མ་རྒྱལ་ཁབ་སློབ་གསོ་རྒྱུགས་ལེན་ཚད་ལྡན་ཅན་གྱི་རྒྱུགས་ཚིགས་དང་རྒྱུགས་རར་བཀོད་སྒྲིག་བྱས་པ་དང་ལྗོངས་ཡོངས་སུ་ཁྱོན་རྒྱུགས་ཞིབ་པ་2467བཀོད་སྒྲིག་བྱས་ཡོད། རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གིས་རྒྱུགས་ལེན་ཡིག་ཆས་གཅིག་གྱུར་ཐོག་བགོས་སྤྲོད་བྱེད་ཀྱི་ཡོད་སྟབས་རྒྱུགས་སྤྲོད་སློབ་མས་རྒྱུགས་འཐུས་ལག་ཁྱེར་དང་རབས་གཉིས་པའི་ཐོབ་ཐང་ལག་ཁྱེར་འཁྱེར་ཏེ་རྒྱུགས་ལེན་ནང་ཞུགས་པ་ལས་དངོས་པོ་གཞན་གང་ཡང་འཁྱེར་མི་ཆོག་ཅེས་བསྟན་ཡོད།

ལྷ་ས་གྲོང་ཁྱེར་རྒྱུགས་ཁུལ་གྱི་རྒྱུགས་ཚིགས་ནི་ལྷ་ས་སློབ་འབྲིང་དང་། ལྷ་ས་པེ་ཅིང་སློབ་འབྲིང་། ལྷ་ས་གྲོང་ཁྱེར་དམའ་རིམ་སློབ་འབྲིང་བརྒྱད་པ། ལྷ་ས་གྲོང་ཁྱེར་ལས་རིགས་སློབ་གྲྭ་གཉིས་པ། ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པ་བཅས་ཡིན་པ་དང་། ཆབ་མདོ་གྲོང་ཁྱེར་རྒྱུགས་ཁུལ་གྱི་རྒྱུགས་ཚིགས་ནི་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོ་དང་། ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པ། ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པ་བཅས་ཡིན་པ། ལྷོ་ཁ་ས་ཁུལ་རྒྱུགས་ཁུལ་གྱི་རྒྱུགས་ཚིགས་ནི་ལྷོ་ཁ་ས་ཁུལ་མཐོ་རིམ་སློབ་འབྲིང་དང་པོ་དང་། ལྷོ་ཁ་ས་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པ། ལྷོ་ཁ་ས་ཁུལ་ཚོད་ལྟའི་སློབ་གྲྭ་བཅས་ཡིན་པ། གཞིས་རྩེ་གྲོང་ཁྱེར་རྒྱུགས་ཁུལ་གྱི་རྒྱུགས་ཚིགས་ནི་གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོ་དང་། གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པ། བསམ་གྲུབ་རྩེ་ཆུས་དམའ་རིམ་སློབ་འབྲིང་དང་པོ། བསམ་གྲུབ་རྩེ་ཆུས་དམའ་རིམ་སློབ་འབྲིང་གསུམ་པ། རྒྱལ་རྩེ་རྫོང་མཐོ་རིམ་སློབ་འབྲིང་བཅས་ཡིན་པ། ནག་ཆུ་ས་ཁུལ་རྒྱུགས་ཁུལ་གྱི་རྒྱུགས་ར་ནི་ནག་ཆུ་ས་ཁུལ་མཐོ་རིམ་སློབ་འབྲིང་ཡིན་པ། མངའ་རིས་ས་ཁུལ་རྒྱུགས་ཁུལ་གྱི་རྒྱུགས་ཚིགས་ནི་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་ཡིན་པ། ཉིང་ཁྲི་ས་ཁུལ་རྒྱུགས་ཁུལ་གྱི་རྒྱུགས་ཚིགས་ནི་ཉིང་ཁྲི་ས་ཁུལ་སློབ་འབྲིང་དང་པོ་དང་ཉིང་ཁྲི་ས་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པ་ཡིན་པ། གོར་མོ་རྒྱུགས་ཁུལ་གྱི་རྒྱུགས་ཚིགས་ནི་གོར་མོར་བཅའ་སྡོད་བོད་ལྗོངས་གཞུང་དོན་ཁང་སློབ་འབྲིང་ཡིན་པ། བོད་ལྗོངས་མི་རིགས་སློབ་ཆེན་རྒྱུགས་ཁུལ་གྱི་རྒྱུགས་ཚིགས་ནི་བོད་ལྗོངས་མི་རིགས་སློབ་ཆེན་ཡིན་པ། ཁྲེང་ཏུའུ་རྒྱུགས་ཁུལ་གྱི་རྒྱུགས་ཚིགས་ནི་ཁྲེང་ཏུའུ་བོད་ལྗོངས་སློབ་འབྲིང་ཡིན་པ་བཅས་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།