རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-04 09:37:25

ཟླ་6ཚེས་1ཉིན་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་2015 ལོའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཀྲུང་གོ་འགྲིམ་འགྲུལ་དངུལ་ཁང་གི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་འབུམ་རམས་པའི་སློབ་དཔོན་ལན་ཕིང་གིས་གདན་ཞུས་ལྟར“འབྱོར་འབྲིང་སྤྱི་ཚོགས་ཕྱོངས་ཡོངས་ནས་སྐྲུན་ཐུབ་པ་དང་དུས་སྐབས་གསར་པའི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས”ཞེས་འགོ་བརྗོད་དུ་འཁོད་པའི་ཆེད་དོན་བཤད་ཁྲིད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་གྱིས་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་དང་། སྐལ་བཟང་ཚེ་རིང་། རྡོ་རྗེ་ཚེ་སྒྲུབ་། ཕང་ལིན་མའེ། ཝང་ཧྲོང་ཆོན་སོགས་ཚོགས་འདུར་ཞུགས་པ་རེད།

འཆད་ཁྲིད་གསན་རྗེས་ཏིང་ཡེ་ཤན་གྱིས་དགེ་རྒན་ཆེ་མོ་བ་ལན་ཕིང་གིས་གནང་བའི་འཆད་ཁྲིད་དེར་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ཡོད་ལ་ལག་ལེན་སོས་པ་ཞིག་ཀྱང་ཡིན། དེར་མཛུབ་ཁྲིད་རང་བཞིན་ཧ་ཅང་ཆེན་པོ་ལྡན་པས་ང་ཚོར་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་། སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་མགྱོགས་སུ་གཏོང་རྒྱུ། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་གཙོ་གནད་ལས་དོན་ཐད་བསྲུང་བྱ་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།

ཏིང་ཡེ་ཤན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐེངས་འདིའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་གོ་སྐབས་སུ་བཟུང་ནས་རང་གིས་རང་ལ་གནོན་ཤུགས་སྤྲོད་པ་དང་འགན་འཁུར་ཕོད་པ་བྱས་ཏེ་འཕེལ་རྒྱས་མགྱོགས་པོ་གཏོང་བའི་འགན་འཁྲི་འཁུར་སེམས་དང་དགོས་གཏུག་གི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། ཧེ་བག་འཚོལ་བ་དང་དམིགས་ཚད་ལ་དམིགས་ཏེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་མདུན་ཕྱོགས་སུ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། རྒྱུན་རྣམ་གསར་པར་ངོས་འཛིན་བྱེད་པ་དང་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པར་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུ་རྐྱེན་བཟང་པོ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་འཐབ་ཇུས་ཀྱི་གོ་སྐབས་གཏོད་པ་དང་། ཁྲོམ་ར་སྐྱེད་སྲིང་བྱེད་པ། རིག་གནས་ཡུལ་སྐོར་སྟོབས་ཆེར་གཏོང་བ། རང་བྱུང་འཐུང་ཆུ་དང་སྣོད་བཅུད་ནགས་ཚལ་དང་ཤིང་ཏོག་སོགས་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བཏང་ནས“ ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད”ཕུན་སུམ་ཚོགས་པོའི་སྒོ་ནས་མཇུག་འགྲིལ་རྒྱུར་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པ། དངོས་སྒྲུབ་བོད་དར་རྒྱུན་འཁྱོངས་བྱས་ཏེ་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ཐད་ཤུགས་རྒྱག་པ་དང་། ཞིབ་ཕྲའི་ལས་ཀའི་ཁྲོད་བྱས་རྗེས་འཇོག་པ་དང་དགེ་ལས་སྒྲུབ་པ། སྤྱོད་ཚུལ་འཛུགས་སྐྱོང་ཐད་ལྕགས་ལ་ཤུར་ཐོན་པ་དང་རྡོ་ལ་རྐང་རྗེས་ཐོན་པ་བྱས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་དངོས་ཕན་ཐོབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།