རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་འཕྲིན་ཚོགས་འདུ་འཚོགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-03 10:24:09

ཟླ་6ཚེས་1ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་འཕྲིན་ཚོགས་འདུ་འཚོགས་ནས་ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་བཀོད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ས་ཁུལ་དང་གྲོང་ཁྱེར་ཁག་གི་སྙན་ཞུ་ཉན་ནས་དུས་མཚམས་གོང་མའི་ལས་དོན་ཕྱོགས་སྡོམ་དང་ཉེ་དུས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་ལས་དོན་བཀོད་སྒྲིག་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་ཆེ་དགྲ་ལྷ་དང་། ཏུང་ཡུན་ཧུའུ། ཝང་གཡུང་ཅུན་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཕེབས་ཡོད་པ་རེད།

ས་ཁུལ་དང་གྲོང་ཁྱེར་ཁག་གི་ལས་དོན་སྙན་ཞུ་གསན་པ་དང་ཆབས་ཅིག་ཉེ་དུས་ཀྱི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་རྗེས། ཝུའུ་དབྱིང་ཅེས་གཅིག་ནས་བསམ་བློའི་ཐད་དེ་བས་མཐོང་ཆེན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་ཐབས་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཉེ་དུས་བཏོན་གནང་བའི“བོད་རང་སྐྱོང་ལྗོངས་དང་ལྷག་པར་དུ་གནོད་འཚེ་ཕོག་པའི་ས་ཁུལ་གྱི་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པའི”སྐོར་གྱི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཏེ་ལྗོངས་ཏང་ཨུད་ཀྱིས་གཏན་ལ་ཕབ་པའི་བཀོད་སྒྲིག་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་མཛུབ་སྟོན་བླང་བྱ་རབ་དང་རིམ་པར་གཞིགས་ནས། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)བརྟན་ལྷིང་སྲུང་སྐྱོང་ནི་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་དང་འགན་ལེན་ཞིག་ཡིན་པ་ཐོག་མཐའ་བར་གསུམ་དུ་བློར་བརྟན་པོ་ངེས་ནས་བརྟན་ལྷིང་ནི་མཐའ་དག་ལས་ལྷག་པ་དང་ཡུན་རིང་དམག་འཐབ་ཀྱི་བསམ་བློ་སྔར་བས་བརྟན་པོ་འཛུགས་པ་དང་ལྷོད་གཡེང་ཐོམ་སྦྲིད་ཀྱི་བསམ་བློ་དང་། དམག་འཐབ་ལ་ཞེན་པ་ལོག་པའི་བསམ་བློ། སྟེས་དབང་གི་བསམ་བློ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་སྤྱིའི་དམ་འཛིན་བྱེད་གཞིར་བྱས་ནས་ལས་དོན་ཁག་དམ་འཛིན་ལྷོད་མེད་དང་དམ་འཛིན་ཏན་ཏིག་བྱས་ཏེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་ཆེད་རྣམ་པ་བཟང་པོ་ཞིག་བཏོད་དེ་རྒྱུན་རྣམ་གསར་པའི་འོག་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་རྣམ་པ་གསར་པ་ཞིག་གཏོད་དགོས་པ་དང་། གཉིས་ནས་ཆབ་སྲིད་ལ་དེ་བས་ཚོར་སྣང་སྐྱེན་པོ་ཡོད་པ་བྱེད་དགོས། ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་དུས་བབ་གསར་པའི་འོག་འཐབ་ཕྱོགས་དང་། མི་རིགས། ཆོས་ལུགས་བཅས་ལས་དོན་སྐོར་གྱི་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་སྲིད་ཇུས་སྟངས་འཛིན་དང་། ཁྲིམས་ལྟར་དོ་དམ། སློབ་གསོ་ཁྲིད་སྟོན། ཞི་མཐུན་ལ་སྐུལ་འདེད་བཅས་ཀྱི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པ། གསུམ་ནས་བྱེད་ཐབས་དེ་བས་ཞིབ་ཚགས་ཡོང་བ་བྱེད་དགོས། སྔ་ཙམ་དང་ཆུང་ས་ནས་དམ་འཛིན་དང་དམ་འཛིན་མྱུར་པོ་དང་ཡག་པོ་བྱེད་པ་དང་གནད་དོན་ཆུང་ས་ནས་ཐག་གཅོད་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་ཟམ་མི་ཆད་པར་དོན་འཁྱོལ་གཏིང་ཟབ་ཀྱིས་ཡུལ་བབ་དང་བསྟུན་པ་དང་གནས་ཚུལ་ལ་གཞིགས་ནས་ཐབས་ཇུས་འདིང་བ་དང་། གཙོ་གནད་མངོན་གསལ་དོད་པ་དང་འགག་རྩར་དམ་འཛིན་བྱེད་པ། བྱ་ཐབས་ཞིབ་ཚགས་སུ་དང་ལས་འགན་ཁ་གསལ་བཟོ་བ། དབྱར་རྩྭ་དགུན་འབུ་འཐུ་བ་དང་ཡུལ་སྐོར་བ་མང་བའི་དུས་ཀྱི་ཞབས་ཞུ་དོ་དམ་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་འཇིགས་རྒོལ་གཏུམ་འགོག་གི་བྱེད་ཐབས་ཁག་ལ་ཤུགས་སྣོན་རྒྱག་པ་དང་བརྟན་ལྷིང་དང་འབྲེལ་བའི་རིགས་ཁག་གི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བྱས་ནས་ཁུག་གསང་སྟོང་གསུམ་མི་ལུས་པ་བྱེད་དགོས་པ། བཞི་ནས་འགན་འཁྲི་ནན་ལ་ཁ་གསལ་ཡོང་བ་བྱེད་དགོས། ཆེད་འགན་ཆེད་འཁུར་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་དང་ལྟ་སྐུལ་ཞིབ་བཤེར་གལ་ཆེ་མཉམ་དུ་འཛིན་པ་དང་འགན་འཁྲི་ཞིབ་བཤེར་རྩད་གཅོད་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ས་ཁུལ་དང་། རྫོང་། ཤང་བཅས་ཀྱི་རིམ་ཁག་ཁོངས་གཏོགས་ཀྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་དང་ཁོངས་གཏོགས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱི་ཁག་བགོས་འགན་འཁྲིར་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས་པ། ལྔ་ནས་དྲིལ་བསྒྲགས་ལ་དེ་བས་ཕན་འབྲས་ཐོན་པ་བྱེད་དགོས། སྨྱན་སྦྱོར་གྱི་ཐོན་ཁུངས་བསྡུ་སྒྲིལ་དང་རང་འགུལ་ངང་དྲིལ་བསྒྲགས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་དབུ་བརྙེས་ཚུན་དང་ལྷག་པར་དུ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་པ་འཚོགས་ཚུན་ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་ཡོམ་འགོག་གེགས་སེལ་ཁྲོད་ཐོན་པའི་སྔོན་ཐོན་དཔེ་མཚོན་དང་དཔའ་བོ་དཔེ་བཟང་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ་བློ་སྟོབས་སྔར་བས་གཅིག་ཏུ་འགྲིལ་བ་བྱེད་དགོས་པ། དྲུག་ནས་སྒྲིག་འཛུགས་དེ་བས་ནུས་ལྡན་ཡོང་བ་བྱེད་དགོས། ཡོམ་འགོག་གེགས་སེལ་དང་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་ཐད་ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་སྒྲིག་སྲོལ་ལམ་སྲོལ་དང་དམིགས་ཚད་ལས་འགན་ལ་འགྱུར་ལྡོག་མི་འགྲོ་བ་མཐའ་འཁྱོངས་ཀྱིས་སྒྲིག་འཛུགས་ནུས་ཆེ་དང་བཀོད་འདོམས་ནུས་ལྡན་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་རང་རྟོགས་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

ཏེང་ཞའོ་ཀང་གིས་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འགོག་ཟོན་ལ་ཤུགས་སྣོན་རྒྱག་པ་དང་། དམངས་སྲོལ་ཆོས་ལུགས་བྱེད་སྒོའི་བདེ་སྲུང་ཞབས་ཞུའི་ལས་དོན་དམ་འཛིན་ཡག་པོ་བྱེད་པ། འཇིགས་རྒོལ་གཏུག་འགོག་ལས་དོན་ལ་སྐུལ་འདེད་གཏོང་བ། རིགས་ཁག་གི་གཙོ་གནད་མི་སྣར་དོ་དམ་ཡག་པོ་བྱེད་པ། གཙོ་གནད་དུས་མཚམས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་འགོག་ཟོན་ལས་དོན་ཡག་པོ་སྒྲུབ་པ། བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་ཁྲིམས་ནན་དུ་གཏོང་བ་སོགས་ཐད་ནས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།