གཡང་གཟར་འཕྲང་ལམ་དུ་ཐེངས་དྲུག་འགྲིམ་མཁན་ཕུར་བུ་རྡོ་རྗེ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-03 10:23:21

ས་ཡོམ་བརྒྱབ་རྗེས་ཁོང་གིས་རང་འགུལ་ངང་རེ་འདུན་ཞུས་ཏེ་སྔོན་མངགས་རུ་ཁག་གི་སྣེ་ཁྲིད་དེ་གེགས་བར་གནས་ཚུལ་ཚབས་ཆེ་བའི་སྐྱིད་གྲོང་གྲོང་རྡལ་དང་ས་ལེ་ཤང་གི“ཚེ་སྲོག་གི་ལམ་བུ”འཕྲལ་མར་མྱུར་སེལ་བྱས་པ་རེད།

མང་ཚོགས་སྐྱོབ་ཆེད་ཁོང་གཡང་གཟར་འཕྲང་ལམ་དུ་ཐེངས་དྲུག་འགྲིམས་ནས་ཕར་འགྲོ་ཚུར་འོང་ཐེངས་12བྱས་ཏེ་མང་ཚོགས་314བདེ་འཇགས་ངང་གནས་སྤོ་བྱས་པས“སྲོག་བསྡོས་རྫོང་དཔོན”ཞེས་གྲགས།

དཀའ་ངལ་འཕྲད་སྐབས་ཁོང་གིས་ལྷོད་པོས་བཀོད་འདོམས་བྱེད་པ་དང་། ཉེན་ཁ་འཕྲད་སྐབས་སྔོན་དུ་མཆོང་བ། གང་དུ་དཀའ་ངལ་དང་ཉེན་ཁ་ཡོད་ཚེ་དེ་གར་ཁོང་མཐོང་རྒྱུ་ཡོད་པས་ཀུན་གྱིས“གེགས་སེལ་རྫོང་དཔོན”ཞེས་འབོད་ཀྱི་ཡོད་པ་རེད།

ཁོང་ནི་ཕུར་བུ་རྡོ་རྗེ་སྟེ་སྐྱིད་གྲོང་རྫོང་གི་རྫོང་དཔོན་གཞོན་པ་ཡིན་ལ་མང་ཚོགས་ཀྱི་སེམས་དབུས་ཀྱི་རྫོང་དཔོན་བཟང་པོའང་ཡིན།

“ཕོ་ཁྱོ་ག་ཡིན་ན་ང་དང་མཉམ་དུ་ཤོག”

“4·25”ས་ཡོམ་བརྒྱབ་རྗེས་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དང་ས་ལེ་ཤང་དེ་ཉིད་སྐད་ཅིག་ཉིད་དུ“ཁེར་ཆགས་གླིང་ཕྲན”དུ་གྱུར།

གེགས་བར་གནས་ཚུལ་ནི་བཀའ་རྒྱ་ཡིན་ལ་དུས་ཚོད་ནི་ཚེ་སྲོག་ཡིན། “ད་ཆའི་ལས་འགན་གཙོ་བོ་ནི་ལམ་བུ་མྱུར་བཟོ་བྱ་རྒྱུ་དེ་ཡིན། ཕོ་ཁྱོ་ག་ཡིན་ན་ང་དང་མཉམ་དུ་ཤོག”ད་ཆ་ཕུར་བུ་རྡོ་རྗེའི་སྐད་ཆ་དེ་ད་དུང་ཡང་སྔོན་མངགས་རུ་མི་སྐྱིད་གྲོང་གྲོང་རྡལ་སྤྱི་བདེ་ཡན་ལག་ཅུས་ཀྱི་ཅུས་ཀྲང་གཞོན་པ་བཀྲ་ཤིས་དབང་གྲགས་ཀྱི་ཡིད་ལ་བྲག་ཅ་བཞིན་འཁོར་གྱི་ཡོད་པ་རེད།

ས་ཡོམ་བརྒྱབ་རྗེས་ཕུར་བུ་རྡོ་རྗེས་རེ་འདུན་ཞུས་པ་དང་ཏང་ཡོན་ལས་བྱེད་པ་14ལས་གྲུབ་པའི་སྔོན་མངགས་རུ་ཁག་གི་སྣེ་འཁྲིད་དེ་རྫོང་གྲོང་ནས་སྐྱིད་གྲོང་གྲོང་རྡལ་དང་དེ་ནས་ས་ལེ་ཤང་དུ་བསྐྱོད་སའི“ཚེ་སྲོག་གི་ལམ་བུ”དེ་སྟོབས་ཤུགས་ཡོད་རྒུས་མྱུར་བཟོ་བྱས་ཡོད་པ་རེད།

ས་ཡོམ་བརྒྱབ་རྗེས་ཆུ་ཚོད་10ཙམ་ལས་མ་འགོར་བར་ཕྱོགས་མང་པོའི་འབད་བརྩོན་འོག་རྫོང་གྲོང་ནས་སྐྱིད་གྲོང་གྲོང་རྡལ་བར་སྐྱོད་སའི་ལམ་བུ་དེ་ཟླ་4ཚེས་25ཉིན་གྱི་ཆུ་ཚོད་23དང་སྐར་མ་30ཐོག་མྱུར་སེལ་ཐུབ་པ་རེད།

མྱུར་སེལ་བྱེད་ཚད་མགྱོགས་སུ་གཏོང་ཆེད་ཕུར་བུ་རྡོ་རྗེས་སྔོན་མངགས་རུ་ཁག་གི་སྣེ་འཁྲིད་ནས་མདུན་དུ་བསྐྱོད་པ་དང་འཕྲུལ་འཁོར་གྱིས་རྗེས་སུ་བསྙེགས་ཤིང་། ཁོ་ཚོ་སྔོན་ལ་འབྱོར་ཐུབ་པ་བྱས་པ་རེད། རི་ངོས་རྡིབ་སར་འཕྲད་སྐབས་ཁོང་གིས་རུ་མིའི་སྣེ་འཁྲིད་དེ་ཞིབ་འཇུག་ཐག་གཅོད་ལམ་སེང་བྱས་ནས་འཕྲུལ་འཁོར་ཨར་ལས་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་འདོན་གྱི་ཡོད་པ་རེད།

སྐྱིད་གྲོང་གྲོང་རྡལ་དུ་བསྐྱོད་སའི“ཚེ་སྲོག་གི་ལམ་བུ”ཤར་བགྲོད་ཐུབ་རྗེས་སྐྱིད་གྲོང་གྲོང་རྡལ་ནས་ས་ལེ་ཤང་དུ་བསྐྱོད་སའི་ལམ་བུ་དེ་ཡོམ་འགོག་གེགས་སེལ་ལ་རྒྱལ་ཁ་ཐོབ་པའི་འགག་རྩར་གྱུར་པ་སྟེ། ས་ལེ་ཤང་ནི་སྐབས་དེར་སྐྱིད་གྲོང་རྫོང་དུ་གེགས་བར་ཕོག་ཚབས་ཆེ་ཤོས་ཀྱི་ཤང་དང་གྲོང་རྡལ་གྱི་གྲས་ཤིག་ཡིན། ས་ཡོམ་གྱིས་མང་ཚོགས་3རྐྱེན་ལམ་དུ་ཤོར་བ་དང་། 4ལ་རྨས་སྐྱོན་ལྕི་པོ་ཕོག་པ། དུད་ཚང་350ཡི་མང་ཚོགས་ཉེན་ཁར་གྱར་བ་བཅས་རེད། འགྲིམ་འགྲུལ་ཐད་ཀྱི་འགན་འཁུར་མཁན་རྫོང་དཔོན་གཞོན་པ་ཡིན་པའི་ཆ་ནས་ཕུར་བུ་རྡོ་རྗེས“ཚེ་སྲོག་གི་ལམ་བུ”དེ་ཤར་གཏོང་བྱ་རྒྱུ་དེ་ཧ་ཅང་ཁག་པོ་ཡིན་པ་གསལ་པོ་རྟོགས།

“དཀའ་ངལ་ཇི་ཙམ་ཆེ་ཡང་དཔའ་ངར་ལྡན་པའི་ཀྲུང་གོའི་མི་དམངས་མི་ཞུམ”མནོ་བསམ་མང་པོ་གཏོང་ཁོམ་མེད་པར་ཕུར་བུ་རྡོ་རྗེས་སྔོན་མངགས་རུ་ཁག་གི་སྣེ་ཁྲིད་ནས་ལམ་དུ་ཆས་པ་རེད།

ཟླ4ཚེས་26ཉིན་གྱི་ཆུ་ཚོད་23སྐར་མ་30ཡི་ཐོག་ཉིན་མཚན་བལྟོས་མེད་ངང་འབད་འཐབ་བསྟུད་མར་བྱས་ནས་སྐྱིད་གྲོང་གྲོང་རྡལ་ནས་ས་ལེ་ཤང་དང་གནས་གྲོང་ཚོར་བསྐྱོད་སའི་ལམ་བུ་མྱུར་བཟོ་བྱས་པ་རེད།

དངོས་ཟོག་རླངས་འཁོར་རེ་རེ་བཞིན་འདོན་པ་མཐོང་སྐབས་ཕུར་བུ་རྡོ་རྗེའི་མིག་ཟུང་མཆི་མས་བརླན། “ང་ཚོ་སྔ་ཙམ་གེགས་ཁུལ་དུ་འབྱོར་ན་ཅི་མ་རུང”ཞེས་བརྗོད་པ་རེད།

ཉིན་དེར་ཁོ་ཚོས་ས་ལེ་ཤང་གི་མང་ཚོགས་ལ་གུར་320དང་། སྲིང་བལ་ཉལ་ཆས་300 སྟབས་བདེའི་ཐུག་པ་དང་གཏེར་ཆུ་སོགས་ཟས་རིགས་སྒམ་1300སྤྲད་ཡོད་པ་རེད།

གཡང་གཟར་འཕྲང་ལམ་ཐེངས་དྲུག་འགྲིམས་ནས་ཡུལ་མི་བསྐྱབས།

“ཁོང་མེད་ཚེ་ངའི་སྲོག་ཤོར་སྲིད”ད་ཆ་གཡང་གཟར་འཕྲང་ལམ་གྱི་ཉེན་ཁ་དེ་གླེང་སྐབས་སྔོན་མངགས་རུ་མི་སྐྱིད་གྲོང་རྫོང་སྤྱི་བདེ་ཅུས་ཀྱི་ལས་བྱེད་ཉེན་རྟོག་པ་ཕུར་དོན་ལ་ད་དུང་ཡང་འཇིགས་དངངས་སྐྱེ་བཞིན་ཡོད།

ས་ལེ་ཤང་དུ་འབྱོར་རྗེས་ཕུར་བུ་རྡོ་རྗེ་ཉིད་གོང་རིམ་བཀོད་འདོམས་པུའུ་ཡིས་ས་ལེ་ཤང་གི་ཡོམ་འགོག་གེགས་སེལ་གྱི་བཀོད་འདོམས་པར་བསྐོས་ཏེ་ས་ལེ་ཤང་གི་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱས་པ་རེད།

གེགས་བར་གནས་ཚུལ་ནི་བཀའ་རྒྱ་དང་དུས་ཚོད་ནི་ཚེ་སྲོག་ཡིན། ས་ལེ་ཤང་སེར་ཆུང་གྲོང་ཚོ་དང་ལ་བི་གྲོང་ཚོ་གཉིས་ཀྱི་མང་ཚོགས་300ལྷག་ཙམ་ཉེན་ཁར་གྱར་བ་རྟོགས་རྗེས་ཕུར་བུ་རྡོ་རྗེས་རང་འགུལ་ངང་རེ་འདུན་ཞུས་པ་དང་སྔོན་མངགས་རུ་ཁག་གི་སྣེ་འཁྲིད་ནས་ཉེན་བརྟག་མྱུལ་དཔྱད་བྱེད་འགོ་བརྩམས་པ་རེད།

སྐབས་དེར་གྲོང་ཚོ་གཉིས་སུ་བསྐྱོད་སའི་ལམ་བུ་འགག་པས་ལམ་ཆུང་ཞིག་བརྒྱུད་དགོས་མོད། ལམ་རྒྱུད་དུ་གཡང་གཟར་བརྒལ་དགོས་པས་ཧ་ཅང་ཉེན་ཁ་ཆེ།

གཡང་གཟར་འཕྲང་ལམ་དུ་སླེབས་སྐབས་ཕུར་བུ་རྡོ་རྗེས་ཕུར་དོན་གྱི་ལག་པ་ནས་བཟུང་སྟེ“དངངས་འཚབ་མ་བྱེད། ངས་སྔོན་ལ་ལྟ་ཙམ་བྱེད”ཅེས་བཤད།

བདེ་བླག་བྱུང་རྗེས་ཕུར་བུ་རྡོ་རྗེས་རུ་མི་ཚོར“ཚང་མས་མགྱོགས་ཙམ་གྱིས། ཐེ་ཚོམ་གཏན་ནས་བྱེད་མི་ཉན”ཞེས་མངགས་བྱ་བྱས་ཤིང་། ཁོང་བདེ་བླག་ངང་བསྐྱོད་པ་དེས་རུ་མི་ཚོའི་གདེང་ཚོད་ཆེ་རུ་ཕྱིན།

ཟླ་4ཚེས་27ཉིན་གདོད་མའི་ནགས་ཚལ་བསྐོར་ནས་ཆུ་ཚོད་4རིང་བསྐྱོད་རྗེས་ཕུར་བུ་རྡོ་རྗེ་སོགས་གཞི་ནས་སེར་ཆུང་གྲོང་ཚོར་འབྱོར། གེགས་བར་གནས་ཚུལ་མཐོང་སྐབས་ཕུར་བུ་རྡོ་རྗེ་སེམས་འཚབ་ཅིང་། རང་ཉིད་ཀྱི་གོམ་པ་ཧ་ཅང་འགོར་དྲགས་པའི་སྣང་ཚུལ་བྱུང་།

ཟླ་4ཚེས་29ཉིན་གོང་རིམ་བཀོད་འདོམས་པུས་སེར་ཆུང་དང་ལ་བི་གྲོང་ཚོ་ཕྱིར་འཐེན་བྱེད་མིན་གཏན་འཁེལ་མེད་པས་ཕུར་བུ་རྡོ་རྗེས་སླར་ཡང་མི་40ཡི་འཕྲལ་སྒྲུབ་རུ་ཁག་བཙུགས་ནས་མི་རེས་རྩམ་པ་དང་འབྲས་སོགས་གེགས་སེལ་དངོས་པོ་ཁུར་ཏེ་སླར་ཡང་གཡང་གཟར་འཕྲང་ལམ་བརྒྱུད་ནས་སེར་ཆུང་གྲོང་ཚོར་བསྐྱོད་པ་རེད། རུ་དཔོན་ཡིན་པའི་ཕུར་བུ་རྡོ་རྗེས་རྩམ་པ་རྒྱ་མ་40འཁུར་ཏེ་དཔུང་ཁག་དེའི་མདུན་དུ་བསྐྱོད།

དེ་རྗེས་ཕུར་བུ་རྡོ་རྗེས་སྔ་རྗེས་སུ་གཡང་གཟར་འཕྲང་ལམ་དུ་ཕར་ཚུར་ཐེངས་གཉིས་བསྐྱོད་ནས་སེར་ཆུང་གྲོང་ཚོ་དང་ལ་བི་གྲོང་ཚོའི་གནས་སྤོའི་ཇུས་གཞི་བཟོས་པ་རེད། ཟླ་5ཚེས་2དང་6ཉིན་ཕུར་བུ་རྡོ་རྗེས་སླར་ཡང་གཡང་གཟར་འཕྲང་ལམ་འགྲིམས་ནས་སེར་ཆུང་དང་ལ་བི་གྲོང་ཚོ་གཉིས་ཀྱི་མང་ཚོགས་314གནས་སྤོ་བདེ་བླག་བྱས་ཤིང་། དེའི་རིང་ཕུར་བུ་རྡོ་རྗེས་གཡང་གཟར་འཕྲང་ལམ་དུ་ཐེངས་6དང་ཕར་ཚུར་ཐེངས་12བསྐྱོད་ཡོད།

གང་དུ་ཉེན་ཁ་ཡོད་ན་དེ་གར་ཁོང་མཐོང་རྒྱུ་ཡོད།

ཕུར་བུ་རྡོ་རྗེ་ནི་དཔའ་ངར་ལྡན་ཞིང་། གང་དུ་དཀའ་ངལ་དང་ཉེན་ཁ་ཡོད་ཚེ་དེ་གར་ཁོང་མཐོང་རྒྱུ་ཡོད།

“ལས་དོན་བཀོད་སྒྲིག་བྱེད་སྐབས་ཁོང་ནི་བཀོད་འདོམས་དཔོན་ཡིན། ལས་དོན་སྒྲུབ་སྐབས་ཁོང་ནི་གདོང་མཆོང་པ་ཡིན”ཞེས་ས་ལེ་ཤང་གི་ཡོམ་འགོག་གེགས་སེལ་ནང་ཞུགས་མཁན་སྐྱིད་གྲོང་རྫོང་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ལྷ་རྒྱལ་གྱིས་དེ་ལྟར་བརྗོད།

ཡོམ་འགོག་གེགས་སེལ་ཐད་སྐར་ཆ་རེ་རེའང་བརྩོན་ལེན་བྱས་ཤིང་། དུས་ཚོད་དམ་འཛིན་བྱ་ཆེད་ཕུར་བུ་རྡོ་རྗེས་རྟག་པར་མཚན་མོར་ཚོགས་འདུ་འཚོགས་ནས་ཚོགས་ཆུང་ཁག་གི་ལས་དོན་གྱི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱས་པ་དང་། ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་པ། ལྷག་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་པ། ཉིན་མོར་ཡོམ་འགོག་གེགས་སེལ་སྟོབས་ཤུགས་ཡོད་རྒུས་བྱས་པ་བཅས་རེད།

ས་ཡོམ་བརྒྱབ་ནས་ཉིན་10ལྷག་འདས། ཕུར་བུ་རྡོ་རྗེས་སྔར་བཞིན་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་ཡོད་ལ་སྨན་ཟ་ཞོར་ལས་དོན་སྒྲུབ་ཡོད་པ་རེད།

ཕུར་བུ་རྡོ་རྗེར་གྲུམ་ནད་ཚབས་ཆེན་ཕོག་ཡོད་པས་འཁྱག་ཚེ་ན་ཟུག་ཆེན་པོ་གཏོང་གི་ཡོད། ཚང་མས་ཁོང་ལ་ཕྱིར་ལོག་ནས་ཉིན་གཅིག་གཉིས་ལ་ངལ་གསོ་རྒྱོབས་ཤོག་ཅེས་ཁ་ཏ་བྱས་ཀྱང་། ཁོང་གིས“དུས་འདི་ལྟ་བུར་ང་ཕྱིན་ཚེ་མང་ཚོགས་ཀྱིས་ཏང་ཡོན་ལས་བྱེད་པ་དང་། ཏང་དང་སྲིད་གཞུང་ལ་ལྟ་སྟངས་ཇི་འདྲ་ཞིག་འཛིན་སྲིད། མང་ཚོགས་ཀྱིས་ང་ཚོར་བལྟས་ནས་བསྡད་ཡོད་པ་རེད”ཅེས་བརྗོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།