ཏིང་ཡེ་ཤན་གྱིས་གཞིས་རྩེ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་སུ་ཞིབ་བཤེར་གནང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-03 09:38:23

ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་གཞིས་རྩེ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་སུ་ཕེབས་ནས་འཐབ་ས་དང་པོར་འགྲོ་ལམ་མྱུར་བཟོ་དང་ཤར་གཏོང་འགན་ལེན་བྱེད་མཁན་ལས་དོན་པ་འཚམས་འདྲི་གནང་བ་དང་། ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་རེད།

ཏིང་ཡེ་ཤན་གྱིས། “4·25”ས་ཡོམ་བརྒྱབ་ཚུན་གཞིས་རྩེ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་དང་ཡོམ་འགོག་གེགས་སེལ་རྒྱབ་མདུན་བཀོད་འདོམས་པུའི་ཞིབ་ཕྲའི་བཀོད་སྒྲིག་ལྟར་འགག་རྩའི་དུས་སུ་ཉེན་ཁར་མ་འཛེམས་པར་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ཨང་དང་པོར་བཞག་ནས་འགན་འཁྲི་སྒྲུབ་པ་དང་ལམ་མྱུར་བཟོ་དང་ཤར་གཏོང་འགན་ལེན་བྱས་ཏེ་མང་ཚོགས་གནས་སྤོ་དང་བར་བརྒལ་བཀོད་སྒྲིག་སོགས་ཡོམ་འགོག་གེགས་སེལ་ལས་དོན་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་པ་རེད།

ཏིང་ཡེ་ཤན་གྱིས། ཚེ་སྲོག་བགྲོད་ལམ་དེ་ཡོམ་འགོག་གེགས་སེལ་ལས་དོན་བདེ་བླག་ངང་སྤེལ་རྒྱུ་དང་འབྲེལ་བ་ཡོད་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡང་འབྲེལ་བ་ཡོད། རྨང་གཞིའི་སྡེ་ཚན་ཞིག་ཡིན་པའི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས“4·25”ས་ཡོམ་དང་ཡོམ་འཕྲོའི་གནས་ཚུལ་དང་ཟུང་འབྲེལ་བྱེད་དགོས་པ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་གང་མགྱོགས་འགག་སྒྲོལ་དཀའ་སེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་མྱུར་བཟོ་དང་། ཤར་གཏོང་ཐུབ་པའི་འགན་ལེན་ཤུགས་ཆེན་བྱེད་པ། ཡུན་རིང་ཤར་གཏོང་ཐུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།