ཁྲེན་ཆོན་གོ་དང་། པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན་བཅས་ཀྱིས་ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་བ་པོ་ཁ་སི་དང་མཇལ་འཛོམས་གནང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-01 10:09:10

ཟླ་5ཚེས་29ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་པད་མ་འཕྲིན་ལས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་བཅས་ཀྱིས་ལྷ་སར་ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་བ་མ་ཁེ་སི·ཤིས་པུན·པོ་ཁ་སི་བཟའ་ཚོ་གཉིས་བཅས་པ་དང་མཇལ་འཛོམས་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝུའུ་དབྱིང་ཅེ་དང་། ཏེང་ཞའོ་ཀང་། ཆེ་དགྲ་ལྷ། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་བཅས་མཇལ་འཛོམས་ནང་ལྷན་དུ་ཕེབས་ཡོད་པ་རེད།

ཁྲེན་ཆོན་གོས་པོ་ཁ་སི་བཅས་པ་བོད་དུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་དང་། གཞུང་ཚབ་ཆེ་མོ་བ་པོ་ཁ་སིས་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་བོད་ལ་ཤེས་རྟོགས་སྔར་བས་ཟབ་ཏུ་བཏང་སྟེ་དངོས་ཡོད་དང་དར་རྒྱས་ཞི་མཐུན་གྱི་བོད་འདི་ཉིད་ཨ་རིའི་ལས་རིགས་ཁག་གི་མི་སྣར་ངོ་སྤྲོད་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།