རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་ཚོགས་འདུ་འཚོགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-01 10:08:16

ཚེས་29ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་ཚོགས་འདུ་སྐོང་འཚོགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་ཀྱི་གསུང་བཤད་གལ་ཆེའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ཧྲུའུ་ཅི་ཁྲེན་ཆོན་གོས་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་116ཐོག་གནང་བའི་མཛུབ་སྟོན་བླང་བྱ་བརྒྱུད་བསྒྲགས་སློབ་སྦྱོང་། ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《འགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་བྱེད་སྒོར་ཐེ་ཇུས་དང་། ཞིབ་ཕྲའི་གྱོད་གཞི་ཐག་གཅོད་ལ་ཐེ་གཏོགས་བྱེད་པའི་ཟིན་བྲིས་དང་བརྡ་ཁྱབ། འགན་འཁྲི་བདའ་འདེད་གཏོང་བ་བཅས་ཀྱི་གཏན་འབེབས》དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི《ཁྲིམས་འཛིན་ལས་ཁུངས་ནང་ཁུལ་མི་སྣས་གྱོད་གཞི་འདྲི་རྩད་ཀྱི་ཟིན་བྲིས་དང་འགན་འཁྲི་བདའ་འདེད་གཏོང་བའི་གཏན་འབེབས》སློབ་སྦྱོང་ལག་བསྟར། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་བསམ་འཆར་དང་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ལ་ཞིབ་འཇུག་བཅས་བྱས་ནས་ཉེ་དུས་ཀྱི་སྲིད་ཁྲིམས་ཀྱི་བརྟན་ལྷིང་སྲུང་སྐྱོང་གྱི་ཕྱོགས་བསྡུས་བཅོས་སྐྱོང་གི་གལ་ཆེའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་རུའེ་ལན་དང་། སྐལ་བཟང་ཚེ་རིང་། ཧོ་ཝུན་ཧའོ། ཝང་ཧྲོང་ཆོན། བསོད་དར། སུང་པའོ་ཧྲན། ཀའོ་ཝན་ཧའེ། ལིའུ་ཧན་ལིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཏེང་ཞའོ་ཀང་གིས་ཀྲུང་དབྱང་གཞུང་དོན་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་བཅས་ཀྱིས《གཏན་འབེབས》གཉིས་བཟོས་པ་དང་གཤམ་སྤེལ་བྱས་ནས་ཁྲིམས་འཛིན་ཁྲིམས་བསྟར་ལ་ཐེ་ཇུས་བྱ་རྒྱུ་འགོག་པའི“མེ་ཟོན་གྱང”དང“ལོགས་འཇོག་ཁུལ”བཟོས་ནས་འགོ་ཁྲིད་ལས་བྱེད་པ་དང་ཁྲིམས་འཛིན་ལས་ཁུངས་ནང་ཁུལ་གྱི་མི་སྣས་ཁྲིམས་འཛིན་ལ་ཐེ་ཇུས་དང་གྱོད་གཞིར་ཐེ་ཇུས་བྱེད་པར“དམར་ཐིག”བཟོས་ཡོད། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་སྡེ་ཚན་ཁག་གིས་ངེས་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལས་བྱེད་ཉེན་རྟོག་པས་ནན་ཏན་ངང་སློབ་སྦྱོང་བྱས་ནས་གཏན་འབེབས་ཀྱི་དོན་ཚན་ཁག་ཚང་མ་ཤེས་པ་དང་བློ་ལ་ངེས་པ་བྱས་ཏེ《གཏན་འབེབས》ཀྱིས་རང་ཉིད་ཀྱི་བྱ་སྤྱོད་ལ་ཚད་ལྡན་དང་ཚོད་འཛིན་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་ལམ་སྲོལ་བཟོས་ནས་ཞིབ་ཕྲའི་སྤྱོད་གོ་ཆོད་པའི་ཆ་སྒྲིག་བྱེད་ཐབས་དོན་འཁྱོལ་བྱས་ནས་ལྟ་སྐུལ་ཚོད་འཛིན་བྱེད་ཐབས་ཁག་ཤུགས་ཆེ་དང་ཁྲིམས་བསྟར་ཁྲིམས་འཛིན་གྱི་བྱ་སྤྱོད་ཚད་ལྡན་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཏེང་ཞའོ་ཀང་གིས་རང་སྐྱོང་ལྗོངས་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ནན་པོར་གཞིགས་ཏེ་རང་ལྗོངས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་བརྟན་ལྷིང་སྲུང་སྐྱོང་གྱི་དོན་དངོས་ལས་དོན་ལ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་རང་ལྗོངས་ཀྱི་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་དོན་ཁག་ལ་ཏན་ཏིག་དང་གཟབ་ནན་གྱིས་སྐུལ་འདེད་གཏོང་བ་དང་། ལྗོངས་ཐད་གཏོགས་ཀྱི་སྲིད་ཁྲིམས་སྡེ་ཚན་ཁག་གི་བསམ་འཆར་གང་ལེགས་བསྡུ་ལེན་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་ཚོད་ལྟའི་འཆར་གཞི་བཟོ་བཅོས་དང་འཐུས་ཚང་དུ་བཏང་བ་དང་འབྲེལ་གོ་རིམ་ལྟར་གོང་ཞུ་བྱས་ཐོག་རང་ལྗོངས་ཀྱི་སྒྱུར་བཅོས་ཚོད་ལྟའི་ལས་དོན་དུས་ཐོག་ཏུ་ལག་ལེན་བསྟར་རྒྱུའི་འགན་ལེན་དང་། རང་ལྗོངས་ཀྱི་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་དོན་ཁག་གོ་རིམ་ལྡན་པ་དང་སྒྲིག་ལམ་ཡོད་པའི་སྒོ་ནས་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།