སྐྱིད་གྲོང་གྲོང་རྡལ་རག་མ་གྲོང་ལྷན་གྱི་ཀྲུའུ་རེན་ཚེ་བརྟན་མི་འགྱུར།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-05-21 10:00:49

ཉེན་ཁའི་མདུན་དུ་གདོང་མཆོང་བྱེད་ཕོད་པ།

དྲོ་འཇམ་གྱི་ཉི་འོད་འོག་ཆུ་ཕྲན་དལ་བུར་རྒྱུག་པ་དང་། ཞིང་ནང་ནས་དགོད་སྒྲ་ལྷང་ལྷང་སྒྲོག་པ་དེ་ནི་ཚེ་བརྟན་མི་འགྱུར་དང་གྲོང་ཚོའི་ནང་གི་གྲོང་མི་རྣམས་ཞིང་ལས་ལ་བྲེལ་བཞིན་ཡོད་པ་དེ་རེད།

གློ་བུར་དུ་ས་འགུལ་བ་དང་རི་གཡོས་ནས་གང་སར་ཐལ་རྡུལ་གྱིས་ཁེངས་པ་དང་རི་སྟེང་ནས་རྡོ་ཆེན་པོ་རྫོགས་རྒྱུ་མེད་པ་ཟགས་ཡོང་། ནོར་ལུག་རྣམས་འདྲོགས་ནས་གང་སར་རྒྱུག་འགྲོ་བ་དང་ཡུལ་མི་སྤུན་ཟླ་ཚོ་ཞིང་ལས་ལག་ཆ་དབྱུགས་ནས་དངངས་སྐྲག་གིས་ངུ་འབོད་བྱེད་བཞིན་འདུག ཚེ་བརྟན་མི་འགྱུར་གྱིས“ས་ཡོམ་རེད་འདུག ཚང་མ་དངངས་སྐྲག་མ་བྱེད། རི་གཤམ་གྱི་ཡུལ་མི་རྣམས་གང་མགྱོགས་ཕར་སོང”ཞེས་བཤད།

“ཀྲུའུ་རེན་ཚེ་བརྟན་ལགས། ཁྱེད་རང་གང་དུ་ཡོད”ཅེས་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་མིག་དམར་མཚམས་གཅོད་ཀྱི་ཁ་པར་འབྱོར། ཚེ་བརྟན་མི་འགྱུར་གྱིས་བྲེལ་འཚུབ་ཆེན་པོས“ང་དང་ཡུལ་མི་ཚོ་ཞིང་ནང་དུ་ཡོད། ཁྱེད་ཚོས་གྲོང་ཚོའི་ནང་གི་གྲོང་མི་རྣམས་གང་མགྱོགས་ཕྱིར་སྐད་གཏོང”ཞེས་བཤད།

ཞིང་ལས་བྱེད་མཁན་ཚོས་ཞིང་ནང་དུ་དབྱུགས་པའི་ཞིང་ལས་ལག་ཆ་དང་གང་སར་རྒྱུག་པའི་ནོར་ལུག་སྣང་མེད་དུ་བཏང་ནས་ཚང་མ་ཚེ་བརྟན་མི་འགྱུར་གྱི་འགྲམ་དུ་རྒྱུག་ཕྱིན། ཚེ་བརྟན་མི་འགྱུར་གྱིས་ཚང་མའི་སྣེ་འཁྲིད་དེ་གྲོང་ཚོའི་ནང་གི་སྡོད་ཁང་ཡོད་སར་རྒྱུག་ཕྱིན། “ཚང་མས་གང་མགྱོགས་ཁྱིམ་དུ་མི་ཡོད་མེད་ལྟོས། མི་ཡོད་ན་ལམ་སེང་གྲོང་ཚོའི་མདུན་གྱི་ས་སྟོང་ཐོག་སྐད་གཏོང”ཞེས་བཤད།

ཚེ་བརྟན་མི་འགྱུར་གྱིས་རང་ཁྱིམ་དོར་ནས་མགྱོགས་མྱུར་གྲོང་ཚོའི་ནང་གི་རྒན་རྒོན་4ཁྱིམ་དུ་བསྡད་ཡོད་མེད་དང་ཁོང་ཚོའི་གནས་ཚུལ་ཇི་འདྲ་ཡོད་མེད་ལྟ་བར་ཕྱིན།

སྟབས་ལེགས་པ་ཞིག་ལ་ས་ཡོམ་རྒྱག་སྐབས་གྲོང་ལྷན་ཚན་ཁག་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་དེ་བཞིན་གྲོང་ཚོའི་ཉེ་འཁོར་དུ་ལས་ཀ་བྱེད་བཞིན་པའི་གྲོང་མིས་རྒན་རྒོན་4མགྱོགས་མྱུར་ཁང་པའི་ནང་ནས་ཕྱིར་འཁྲིད་ཡོད། ལོ་77ལ་སླེབས་པའི་བགྲེས་སོང་ཟླ་བ་སྐྲག་ནས་དྲན་པ་ཐོར། ཚེ་བརྟན་མི་འགྱུར་གྱིས་བགྲེས་སོང་ལ་རྨས་སྐྱོན་ཕོག་པ་རེད་བསམ་ནས“ཨེམ་རྗེ་གང་དུ་ཡོད། མགྱོགས་པོ་ཁོང་སྐྱོབ་རོགས”ཞེས་བཤད།

རག་མ་གྲོང་ཚོའི་རྒྱབ་ངོས་ནི་འགྱིང་ངེར་གནས་པའི་གྲོག་རོང་ཡིན་པ་དང་རྡོ་ཆེན་པོ་རྫོགས་རྒྱུ་མེད་པ་ཟགས་ཀྱི་ཡོད་པས་འུར་སྒྲ་གྲགས་ཀྱི་འདུག བགྲེས་སོང་གིས་ཚེ་བརྟན་མི་འགྱུར་གྱི་ལག་ནས་བཟུང་སྟེ“ཁང་པ་ཚང་མ་རྡིབ་སོང་། ང་ཚོ་གང་འདྲ་བྱེད་དགོས་སམ”ཞེས་བཤད།

ཚེ་བརྟན་མི་འགྱུར་གྱིས་ཚང་མར“ཡུལ་མི་ཚོ། ང་ཚོ་ཚང་མ་བདེ་བདེ་ཐང་ཐང་ཡིན་པས་ཁང་པ་ཞིག་ཀྱང་བསྐྱར་དུ་བརྒྱབ་ཆོག”ཅེས་བཤད།

ཁང་པའི་མདུན་དུ་སླེབས་རིམ་བཞིན་མི་ཡོད་མེད་སྐད་ཆ་དྲིས་རྗེས་ཞིག་རོའི་འོག་གྲོང་མི་ཚུད་མེད་པ་ཤེས། ཁྱིམ་ཚང་ཁག་གཅིག་གི་ནང་མི་ཆ་ཚང་མཉམ་དུ་རུབ་རུབ་བྱས་ནས་བསྡད་པ་མཐོང་སྐབས་ཁོང་བློ་ཅུང་བདེ་པོར་གྱུར་ཡང་མིག་ཆུ་དབང་མེད་དུ་ཤོར། འོན་ཀྱང་ཁོང་གིས་ད་དུང་གོམ་མཚམས་མ་བཞག་པར་གྲོང་ཚོ་ཡོངས་ཀྱི་མི་300ལྷག་ཙམ་ཚང་མ་བདེ་ཐང་ཡིན་མིན་ཤེས་རྟོགས་བྱས། ཚེ་བརྟན་མི་འགྱུར་གྱིས་གྲོང་ལྷན་ཚན་ཁག་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་མཉམ་དུ་གཉིས་ལྡན་དུད་སྦྲེལ་གྱི་ཚོགས་ཆུང་ཁག་བགོས་གཞིར་བཟུང་ཐེམ་དུད་རེ་རེ་བཞིན་མི་སྣའི་གནས་ཚུལ་ཐོ་འགོད་བྱས།

ཐེམ་དུད་རེ་རེ་བཞིན་ཐོ་བཤེར་བྱས་རྗེས་ཚང་མ་ཚང་ཡོད་སྟབས་ཚེ་བརྟན་མི་འགྱུར་གཞི་ནས་སེམས་ལྷོད་པོར་གྱུར། མཐར་རང་ཉིད་ཀྱི་བཟའ་ཟླ་དང་ཕྲུ་གུ་འཇིགས་སྣང་ཆེན་པོ་བྱུང་ནས་མིག་ཆུ་གཏོང་བ་མཐོང་རྗེས་ཁོང་གིས་བཟའ་ཟླ་དང་ཕྲུ་གུར“དགོངས་དག ང་ཏང་ཡོན་ཞིག་ཡིན་པས་སྔོན་ལ་གྲོང་མི་ཚོའི་བདེ་འཇགས་འགན་ལེན་བྱེད་དགོས་ངེས་རེད”ཅེས་བཤད།

གནོད་འཚེ་ཕོག་པའི་མང་ཚོགས་ལ་གཅེས་སེམས་ཞལ་འདེབས་ཕུལ་བ།

ཟླ་4ཚེས་27ཉིན་གྱི་ཞོགས་པ། ཚེ་བརྟན་མི་འགྱུར་ལ་གུར་གསར་པ་བགོ་བཤའ་རྒྱག་པའི་སྐབས་སྐྱིད་གྲོང་གྲོང་རྡལ་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་གྲོང་རྡལ་དུ་དབོར་ཟིན་པས་བཀོད་སྒྲིག་བྱ་ཡུལ་ཁག་ནས་མི་སྣ་མངགས་ཏེ་ལེན་པར་ཤོག་ཅེས་པའི་ཁ་པར་འབྱོར།

ཚེ་བརྟན་མི་འགྱུར་གྱིས་རང་ཉིད་ཀྱི་འདྲུད་འཐེན་འཕྲུལ་འཁོར་དེ་བཏང་ནས་གྲོང་རྡལ་དུ་བསྐྱོད། ཐོན་དུས་རང་ཁྱིམ་གྱི་སྒམ་རྙིང་པ་ཞིག་གི་ནང་ནས་རས་ཁུག་ཆུང་ཆུང་ཞིག་བླངས་ཏེ་གཟབ་གཟབ་ངང་ཨམ་ཕྲག་ནང་བཅུག བཟའ་ཟླ་ཚེ་དབང་གིས་བརྩེ་བ་ཟབ་མོས“ལམ་བར་དུ་གཟབ་གཟབ་གྱིས”ཞེས་བཤད།

འདྲུད་འཐེན་འཕྲུལ་འཁོར་གྲོང་ཚོའི་མདར་སླེབས་མ་ཐག་གྲོང་མི་ཚང་མས་ཁོང་གི་མཐའ་བསྐོར་བ་དང་རྒན་རྒོན་ཚོས“ཀྲུའུ་རེན་ཚེ་བརྟན་ལགས། ཁྱེད་གང་དུ་འགྲོ་མཁན་ཡིན་ནམ། གང་མགྱོགས་ལོག་ཤོག”ཅེས་བརྗོད་སྐབས་ཚེ་བརྟན་མི་འགྱུར་གྱིས་འདྲུད་འཐེན་འཁོར་ལོའི་ཐོག་ལངས་ནས་ཚང་མར“ང་ཚོའི་འདི་གར་ས་ཡོམ་བརྒྱབ་པ་རྫོང་ཨུད་དང་རྫོང་སྲིད་གཞུང་ནས་ཤེས་རྗེས་ང་ཚོར་གུར་ལེན་པར་ཤོག་ཅེས་བརྗོད་ཀྱི་འདུག ད་ཆ་གྲོང་ཚོ་གཞན་དག་ལའང་གནོད་འཚེ་ཕོག་ཡོད། གནོད་འཚེའི་གནས་ཚུལ་ང་ཚོའི་གྲོང་ཚོ་ལས་ཀྱང་ཚབས་ཆེ་བ་ཡོད་སྲིད་པས། རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ང་ཚོ་ལས་དཀའ་ངལ་ཆེ་བ་དང་གནོད་འཚེ་དེ་བས་ཚབས་ཆེ་བའི་ཁུལ་དུ་སྔོན་ལ་རོགས་རམ་བྱེད་སྲིད། དེར་བརྟེན་ང་ཚོས་ཏང་ལ་ཡིད་ཆེས་བྱེད་དགོས། ང་ཚོའི་དཀའ་ངལ་ཐག་གཅོད་ཐུབ་ངེས་རེད”ཅེས་བཤད།

སྐྱིད་གྲོང་གྲོང་རྡལ་དུ་ཚེ་བརྟན་མི་འགྱུར་གྱིས་གྲོང་ཚོའི་ཡུལ་མི་སྤུན་ཟླར་དངོས་ཟོག་ལེན་རོགས་བྱས། གྲོ་ཞིབ་དང་། སྣུམ། མར། སྟབས་བདེའི་ཐུག་པ་སོགས་འདྲུད་འཐེན་འཕྲུལ་འཁོར་ནང་བླུགས་ཟིན་རྗེས་ཁོང་གི་སེམས་ཤུགས་དེ་བས་འཕེལ།

འཚོ་བའི་མཁོ་ཆས་འདྲུད་འཐེན་འཕྲུལ་འཁོར་ནང་བླུགས་ཟིན་རྗེས་ཚེ་བརྟན་མི་འགྱུར་གྱིས་ཨམ་ཕྲག་ནས་རས་ཁུག་ཆུང་ཆུང་དེ་བཏོན་ནས་མི་དམངས་ཤོག་སྒོར་ཁྲི་གཅིག་དེ་ཞལ་འདེབས་འབུལ་སྒམ་ནང་བླུགས། གྲོང་མི་བློ་བཟང་གིས“ཀྲུའུ་རེན་ཚེ་བརྟན་ལགས་སེམས་བཟང་ཅན་ཞིག་རེད། ང་ཚོའི་གྲོང་ཚོའི་ནང་གི་སུ་ཞིག་ལ་དཀའ་ངལ་འཕྲད་རུང་ཁོང་གིས་རོགས་རམ་བྱེད་ཀྱི་ཡོད”ཅེས་བཤད།

དཀའ་ངལ་ལ་མ་འཛེམས་པར་དམངས་ཀྱི་ཆེད་དུ་བྱ་བ་བསྒྲུབས།

ཚེ་བརྟན་མི་འགྱུར་གྲོང་ཚོའི་ནང་སྐད་གྲགས་ཆོད་ཡོད། ཁོང་སེམས་བཟང་ཅན་ཞིག་ཡིན་པ་ཙམ་མ་ཟད། ཕྲུ་གུའི་སློབ་གསོ་དང་། གྲོང་མིའི་ལས་གཏོད་ལས་ཞུགས། ཁྱིམ་ཚང་དབར་གྱི་འགལ་ཟླ། བཟའ་ཚང་དབར་གྱི་རྩོད་པ་སོགས་ཀྱི་གནད་དོན་ཆེ་ཆུང་ཚང་མ་གྲོང་མི་ཚོས་རྟག་ཏུ་ཁོང་བཙལ་ནས་ཐག་གཅོད་བྱེད་རོགས་ཞུ་གི་ཡོད།

ཚེ་བརྟན་མི་འགྱུར་ལ་བཅར་འདྲི་བྱེད་སྐབས་སྐད་ཆ་ཚིག་ཁ་ཤས་བཤད་རྗེས་བྲེལ་འཚུབ་ངང་ཕྱིར་ཐོན་ནས་དུས་ཡུན་རིང་པོ་ལོག་མ་བྱུང་། ཁོང་གི་བཟའ་ཟླས་ང་ཚོར“ཁོང་ཏོག་ཙམ་ལོག་ཡོང་གི་མ་རེད། ཁྱེད་ཚོ་ཞིང་ནང་དུ་འཚོལ་བར་ཕེབས”ཞེས་བཤད་བྱུང་།

གྲོང་ཚོའི་ལྷོ་ངོས་ཀྱི་ཞིང་ནང་དུ་ནས་ལ་སྙེ་ཐོ་ཚུགས་ཡོད།

ཚེ་བརྟན་མི་འགྱུར་གྱིས་གྲོང་མི་ཚོ་དང་མཉམ་དུ་ལྕགས་ར་སྐོར་བཞིན་འདུག གྲོང་མི་ཚོས“ཉིན་དེ་དག་ནང་། ཀྲུའུ་རེན་ཚེ་བརྟན་ལགས་དཀའ་ལས་ཁག་པོ་བྱུང་སོང་། ཁོང་གིས་ཉིན་ལྟར་ང་ཚོར་ལྕགས་ར་སྐོར་རོགས་བྱས་བྱུང་། ཀྲུའུ་རེན་ཚེ་བརྟན་ལགས་ཀྱི་རོགས་རམ་འོག་འདི་ལོ་ལོ་ལེགས་ཡོང་ངེས་རེད”ཅེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།