རང་ལྗོངས་ཀྱི་འདི་ལོའི་མཐོ་འབྲིང་དང་འབྲིང་རིམ་ལས་རིཌ་སློབ་གྲྭའི་སློབ་བསྡུའི་རྒྱུགས་ལེན་ནང་མིང་ཐོ་འགོད་མཁན་33707ཟིན་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-05-21 09:58:56

གསར་འགོད་པར་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་ནས་ཤེས་རྟོགས་བྱུང་བར། 2015ལོའི་རང་ལྗོངས་ཀྱི་མཐོ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་བསྡུའི་ལྗོངས་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་གྱི་སློབ་མའི་དྲ་ཐོག་མིང་འགོད་དང་གཏན་འཁེལ་ལས་དོན་ཁྱོན་ཡོངས་ནས་མཇུག་འགྲིལ་ཞིང་། རིམ་རྩིས་བརྒྱབ་ན། དྲ་ཐོག་ནས་མི་33707(ནང་སའི་བོད་ལྗོངས་དམའ་རིམ་འཛིན་གྲྭའི་སློབ་ཐོན་སློབ་མ་1764ཚུད)མིང་འགོད་གཏན་འཁེལ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོར་རང་ལྗོངས་ཀྱི་མཐོ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་བསྡུ་བའི་ཐད་ལྗོངས་ཡོངས་སུ་ཁྱོན་རྒྱུགས་ཁུལ་10དང་རྒྱུགས་ར་88བཀོད་སྒྲིག་བྱས་པ་དེའི་ནང་ལྷ་སའི་རྒྱུགས་ཁུལ་དུ་རྒྱུགས་ར་11དང་། ཆབ་མདོའི་རྒྱུགས་ཁུལ་དུ་རྒྱུགས་ར་15 ལྷོ་ཁའི་རྒྱུགས་ཁུལ་དུ་རྒྱུགས་ར་12 གཞིས་རྩེའི་རྒྱུགས་ཁུལ་དུ་རྒྱུགས་ར་20 ནག་ཆུའི་རྒྱུགས་ཁུལ་དུ་རྒྱུགས་ར་12 མངའ་རིས་རྒྱུགས་ཁུལ་དུ་རྒྱུགས་ར་7ཉིང་ཁྲིའི་རྒྱུགས་ཁུལ་དུ་རྒྱུགས་ར་8 གོར་མོའི་རྒྱུགས་ཁུལ་དུ་རྒྱུགས་ར་1 བོད་ལྗོངས་མི་རིགས་སློབ་ཆེན་རྒྱུགས་ཁུལ་དུ་རྒྱུགས་ར་1 ཁྲེང་ཏུའི་རྒྱུགས་ཁུལ་དུ་རྒྱུགས་ར་1བཅས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།