ནེ་པ་ལར་ལུས་པའི་ཀྲུང་གོའི་མཐའ་མཚམས་ཀྱི་ཡུལ་མི་46བོད་ལ་ཕྱིར་ལོག་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-05-13 10:26:19

1112.jpg

འདི་ནི་འགྲམ་འགག་སྒོ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འགྲམ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་སྟོབས་ལགས་ཀྱིས་ཁོང་ཚོར་ཁ་བཏགས་གཡོག་བཞིན་པ།

ཚེས་11ཉིན་ས་ཡོམ་གྱི་དབང་གིས་ནེ་པ་ལར་ལུས་པའི་ཀྲུང་གོའི་བོད་ཀྱི་འགྲམ་གྲོང་རྡལ་ནས་ཡིན་པའི་མཐའ་མཚམས་ཀྱི་ཡུལ་མི་46རང་ལྗོངས་ཀྱི་ཕྱི་ཕྱོགས་ལས་དོན་པས་རོགས་རམ་བྱས་པའི་འོག་རིན་མེད་ངང་གནམ་གྲུར་བསྡད་དེ་ལྷ་སའི་གོང་དཀར་གནམ་ཐང་ལ་འབྱོར་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་ནས་ལམ་འགགས་ཏེ་རང་རྒྱལ་ལ་ཕྱིར་ལོག་དཀའ་བར་གྱུར་པའི་ནེ་པ་ལའི་པ་ར་པི་སིར་ཚོང་རྒྱག་བཞིན་པའི་རང་རྒྱལ་གྱི་འགྲམ་གྲོང་རྡལ་ནས་ཡིན་པའི་མཐའ་མཚམས་ཀྱི་ཡུལ་མི་46རྐང་ཐང་མར་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་ཡོང་སྟེ་ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་ལ་རོགས་པ་ཡོང་བའི་འདུན་པ་ཞུས་པ་རེད།

གནས་ཚུལ་དེ་རྒྱལ་ནང་ལ་འཕྲལ་མར་ཁྱབ་རྗེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོང་ཆེན་པོ་བྱས་པའི་ཁར་ལྗོངས་ཕྱིར་སྡོད་རང་མིའི་གཞུང་དོན་ཁང་དང་དེ་བཞིན་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་འཕྲལ་སྡོམ་སྔོན་ཇུས་འཕྲལ་མར་ལག་ལེན་བསྟར་ནས་དུས་ཐོག་ལ་ཀྲུང་གོའི་ཕྱི་འབྲེལ་པུར་སྙན་སེང་ཞུས་པ་མ་ཟད། ཕྱི་ཕྱོགས་ལས་དོན་པ་2གནམ་གྲུ་བཏང་སྟེ་ནེ་པ་ལར་ལས་ཀ་སྒྲུབ་པར་མངགས་ཤིང་། ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་རང་རྒྱལ་གྱི་སྤྱི་དམངས་46ལ་གཞུང་ཚབ་ཁང་ནས་འཕྲལ་མར་སྲུང་སྐྱོབ་དང་རོགས་སྐྱོབ་བྱས་པ་དང་། དེ་ནས་གཞིས་རྩེ་ས་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཡུལ་མི་46ལ་གནམ་གྲུའི་སྤ་སེའི་རིན་པ་བཏང་བ་མ་ཟད། རང་སྐྱོང་ལྗོངས་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་གི་འགན་འཁུར་བས་ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སི་དང་འབྲེལ་བ་བྱས་ཏེ་རྒྱལ་ནང་ལ་ཡོང་ཆོག་པའི་མཐུན་སྦྱོར་བྱ་བའང་བསྒྲུབས་ཡོད།

ངོ་སྤྲོད་བྱས་པར་གཞིཌ་ན། ད་ཆ་གཞིས་རྩེ་གྲོང་ཁྱེར་གྱིས་མཐའ་མཚམས་ཡུལ་མི་46ལ་སྡོད་ས་བཀོད་སྒྲིག་འོས་འཚམས་བྱས་པ་དང་། ཁོང་ཚོ་གོང་དཀར་གནམ་ཐང་ལ་འབྱོར་རྗེས་མི་རིང་བར་གཞིས་རྩེ་གྲོང་ཁྱེར་དུ་ནང་མི་དང་མཉམ་འཛོམས་ཐུབ་པ་བྱུང་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།