ནེ་པ་ལར་སླར་ཡང་ས་ཡོམ་རིམ་པ༧.༥བརྒྱབ་པ་དང་རོཌ་སྐྱོབ་ཚོཌ་ཆུང་གིས་སྤང་གཞོང་གྲོང་ཚོར་རོཌ་སྐྱོབ་བྱེད་བཞིན་ཡོད།

​བོད་ལྗོངས་འཕྲིན་དྲ། 

| 2015-05-13 10:26:48

སྤྱི་ཟླ ༥ པའི་ཚེས ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད ༣ དང་སྐར་མ ༥ ཡི་ཐོག  ནེ་པ་ལར་སླར་ཡང་ས་ཡོམ་རིམ་པ ༧.༥ བརྒྱབ་ཅིང་སྐྱིད་རོང་ཕྱོགས་སུ་ཡོམ་འཚོར་དྲག་པོ་བྱུང་ཡོད་པ་རེད།  ས་ཡོམ་རྒྱབ་རྗེས་སྟབས་བསྟུན་ཡན་ཡག་རུ་ཁག་གི་རུ་ཆེན་གཉིས་པས་འཕྲལ་མར་མི ༢༢ སྒྲིག་འཛུགས་བྱས་ཏེ།  སྤང་གཞོང་གྲོང་ཚོར་མྱུར་སྐྱོབ་བྱེད་པར་ཕྱིན་པ་དང་།  དུད་ཁྱིམ་མི་རེ་ངོ་རེར་གནོད་འཚེའི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་ཆབས་ཅིག  གེགས་ཁུལ་མང་ཚོགས་གནས་སྤོ་བྱེད་པ་དང་སེམས་གསོ་གཏོང་བ་སོགས་ཀྱི་ལས་དོན་སྤེལ་ཡོད།  སྐྱིད་རོང་གྲོང་རྡལ་གྱི་ཁྲོམ་གཞུང་དུ་སྐོར་གཡེང་རྒྱག་བཞིན་པའི་དཔོན་དམག་གིས་རྨས་སྐྱོན་ཕོག་པའི་མང་ཚོགས ༡ སྐྱབས་ནས་དུས་ཐོག་ཏུ་སྨན་བཅོས་ས་ཚིགས་སུ་བསྐྱལ་བ་རེད།  ད་ཆ་རུ་ཆེན་དཔོན་དམག་ཚོས་མུ་མཐུད་ཉེ་འཁོར་གྱི་གྲོང་ཚོར་རྨས་མ་ཡོད་མེད་འཚོལ་བཤེར་བྱེད་བཞིན་ཡོད།

འགྲམ་གྲོང་རྡལ་ནས་གློག་འཕྲིན་འབྱོར་གསལ།  དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་རོགས་སྐྱོབ་རུ་ཆེན་གྱི་དཔོན་དམག་ཚོ་བདེ་མ་ཐང་མ་ཡིན་ལ།  མཐའ་སྲུང་དང་སྤྱི་བདེའི་མི་སྣ་ཡང་བདེ་མ་ཐང་མར་གནས་ཡོད།  འོན་ཀྱང་འགྲམ་ནས་མཛའ་གྲོགས་ཟམ་པའི་བར་གྱི་ལམ་སླར་ཡང་རྡིབ་ནས་ལམ་འགག་ཡོད་པ་རེད།  མཛའ་གྲོགས་ཟམ་པའི་ཕར་ཕྱོགས་ཀྱི་རླི་པིན་གྲོང་ཚོའི་གནས་ཚུལ་ཅུང་ཉེན་ཁ་ཆེ་ཙམ་ཡོད་པ་དང་།  རྡོ་ཆེན་པོ་རིལ་བ་དང་ཐལ་རྡུལ་ལངས་ནས་ཆུ་ཚོད ༤ དང་སྐར་མ ༢༠ ཡི་ཐོག་མཛའ་གྲོགས་ཟམ་པ་རྡུལ་གྱིས་སྒྲིབ་ནས་མཐོང་རྒྱུ་མེད་པ་རེད། ཐལ་རྡུལ་མང་དུ་འགྲོ་བ་དང་བསྟུན་ཏེ་རང་རྒྱལ་གྱི་མངའ་ཁོངས་སུ་ཐལ་རྡུལ་རྒྱུགས་ཡོང་གི་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།