བོད་ཀྱི་ཕུལ་བྱུང་གཞོན་ནུའི་བྱས་རྗེས་མཉམ་རོལ་ཚོགས་འདུ་ལྷ་སར་འཚོགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-05-12 09:40:23

ཉེ་ཆར“ངའི་ཀྲུང་གོའི་ཕུགས་འདུན—འབད་འཐབ་བྱེད་པའི་ལང་ཚོ་མཛེས་ཤོས་ཡིན”ཞེས་པའི་བོད་ཀྱི་ཕུལ་བྱུང་གཞོན་ནུའི་བྱས་རྗེས་མཉམ་རོལ་ཚོགས་འདུ་དེ་ལྷ་སར་འཚོགས་པ་རེད།

ཚོགས་འདུའི་ཐོག་རྒྱ་ཆེའི་གཞོན་ནུས་ཕུགས་བསམ་དད་སེམས་བརྟན་པོ་བཙུགས་ཏེ“དངོས་བརྩོན་དངོས་སྒྲུབ་དང་མི་སེར་ལ་ཕན་བདེ་བསྐྲུན”པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་མི་སྒེར་གྱི་འབད་འཐབ་དེ་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་དུ་སྦྲེལ་ནས་འཕེལ་རྒྱས་ཀྱི་གོ་སྐབས་ཧ་ཅང་བཟང་པོར་དམ་འཛིན་དང་། ཕུགས་འདུན་སྒྲུབ་པའི་ལམ་བུ་རྒྱ་ཆེར་གཏོང་བ། སློབ་སྦྱོང་དང་ལས་ཀར་བརྩོན་པ། ཁྱོན་ཡོངས་ལ་ཞབས་ཞུ་བཅས་བྱས་ཐོག་འབད་འཐབ་ལ་བརྟེན་ནས་འོད་སྟོང་བཏོད་པ་དང་འབད་འཐབ་ལ་བརྟེན་ནས་ཕུགས་བསམ་འགྲུབ་པ་བྱས་ཏེ་མཛེས་སྡུག་ལྡན་པའི་ལང་ཚོའི་ལེའུ་རྩོམ་རྒྱུའི་འབོད་སྐུལ་བྱས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་མཉམ་རོལ་ཚོགས་འདུའི་དམིགས་ཡུལ་ནི་དཔེ་མཚོན་གཏོད་པ་དང་སྔོན་ཐོན་མངོན་པར་བྱས་ཏེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་སྡེ་ཚོགས་དང་སྡེ་ཚོགས་ལས་བྱེད་པར་གུང་གཞོན་སྡེ་ཚོགས་ཀྱི་གཟི་བརྗིད་ཆེ་བའི་ལོ་རྒྱུས་ཤེས་རྟོགས་ཐུབ་པ་དང་རང་ལྗོངས་ཀྱི་ཉེ་བའི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་ཕུལ་བྱུང་གྲུབ་འབྲས་ཤེས་རྟོགས་བྱ་རྒྱུར་རོགས་རམ་བྱས་ཐོག་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དང་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱས་ཏེ་ཏང་གི་རྗེས་སུ་འབྲངས་པའི་དད་སེམས་དང་ཆོད་སེམས་སྔར་བས་བརྟན་ཏུ་གཏོང་བ་དང་ཏང་གི་དྲིན་ལན་འཇལ་བ་དང་། ཕ་ཡུལ་འཛུགས་སྐྲུན་བྱེད་པ། བྱས་རྗེས་འཇོག་པ་དང་བྱ་གཞག་གཏོད་པ་བཅས་ཀྱི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུའི་ཧུར་སེམས་དང་སྤྲོ་སེམས་འཕེལ་བ་བྱ་ཆེད་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།