བོད་ཀྱིས་མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུར་བརྩི་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-05-07 09:42:44

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་དུ“མི་རིགས་གསུམ་དང་ཀུང་སི་གཅིག”གི་གཏམ་རྒྱུད་ཅིག་ཡོད། “བོད་ལྗོངས་མྱུར་དར་ཁེ་ལས་ཚད་ཡོད་ཀུང་སི”ནི་ཕན་ཆིན་ཙའོ་དང་། མ་ལའེ་ཀེ མིག་དམར་ཚེ་རིང་བཅས་ཀྱིས་མཉམ་དུ་བཙུགས་པ་ཞིག་ཡིན་པ་དང་། ཁོང་ཚོ་ནི་རྒྱ་རིགས་དང་། ཧུའེ་རིགས། བོད་རིགས་བཅས་རེད། ལོ་6གི་གོང་ཀྲེ་ཅང་དབུན་ཀྲོའུ་ནས་ཡིན་པའི་ཕན་ཆིན་ཙའོ་ཡིས་བོད་དུ་ཨར་འདམ་བཟོ་གྲྭ་ཞིག་བཙུགས་པ་དང་། ཀན་སུའུ་ནས་ཡིན་པའི་མ་ལའེ་ཀེ་དང་ས་གནས་དེ་ག་ནས་ཡིན་པའི་མིག་དམར་ཚེ་རིང་གཉིས་རྟག་ཏུ་ཕན་ཆིན་ཙའོ་ཡི་ཨར་འདམ་བཟོ་གྲྭར་ཨར་འདམ་དབོར་བར་བསྐྱོད་ཀྱི་ཡོད་པས་མཐར་གྲོགས་པོར་གྱུར། ན་ནིང་ཟླ་4པར་མ་ལའེ་ཀེ་དང་མིག་དམར་ཚེ་རིང་གཉིས་ཀྱིས་ཟོག་འདྲེན་ཀུང་སི་ཞིག་འཛུགས་རྩིས་བྱེད་སྐབས་མ་དངུལ་མ་འདང་བའི་དབང་གིས་ཕན་ཆིན་ཙའོ་བཙལ་བས་ཐོ་འགོད་མ་དངུལ་སྒོར་ཁྲི་3000ཟིན་པའི་ཁེ་ལས་དེ་ཆགས། མ་ལའེ་ཀེ་ཡིས“ཕན་ཆིན་ཙའོ་ཡིས་ལག་རྩལ་གྱི་འགན་ཁུར་བ་དང་། རང་ཉིད་དང་མིག་དམར་ཚེ་རིང་གཉིས་ཀྱིས་ཀུང་སིའི་རྒྱུན་གཏན་གྱི་གཉེར་སྐྱོང་གི་འགན་ཁུར་གྱི་ཡོད། ཁེ་སྤོགས་བགོ་བཤའ་གཅིག་པ་རྒྱག་གི་ཡོད”ཅེས་བཤད། ད་ཆ་ཁོང་ཚོ་གསུམ་ལྟ་བུའི་མི་རིགས་མི་འདྲ་བ་མཉམ་དུ་བྱ་གཞག་གཉེར་མཁན་བོད་དུ་ད་དུང་མང་པོ་ཡོད།

བོད་རང་སྐྱོང་ལྗོངས་ཀྱི་མི་འབོར་ཁྲི་317ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱིས་95.74%བཟུང་གི་ཡོད་པས་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱིས་མི་འབོར་གྱི་བསྡུར་གྲངས་བཟུང་ཚད་མཐོ་ཤོས་ཀྱི་རང་སྐྱོང་ལྗོངས་ཀྱི་གྲས་ཤིག་རེད། “མི་རིགས་ཀྱི་ལས་དོན་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་དང”“མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ”ཡིན། བོད་ཀྱི་ལས་དོན་མཐའ་དག་མི་རིགས་ཀྱི་ལས་དོན་དང་འབྲེལ་བ་དམ་ཟབ་ཡོད།

ན་ནིང་ཟླ་10པར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དུས་བབ་གསར་པའི་འོག མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་ལག་བསྟར་བསམ་འཆར་བཏོན་ནས་དུས་བབ་གསར་པའི་འོག་མི་རིགས་ལས་དོན་ཡག་པོ་སྒྲུབ་དགོས་པའི་བཀོད་སྒྲིག་ཁག་10དང་ཞིབ་ཕྲའི་བྱ་ཐབས་ཁག་42ཁ་གསལ་བཏོན་ཐོག“གཅིག་གྱུར་བཞི”དང“བརྗེད་མི་རུང་བ་ལྔ”“མཉམ་འགུལ་བཞི”བཅས་བྱེད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་སྟེ། ལྗོངས་ཡོངས་ཀྱི་ལས་དོན་ཁག“གཅིག་གྱུར་འཆར་འགོད་དང་། གཅིག་གྱུར་བཀོད་སྒྲིག གཅིག་གྱུར་ལྟ་ཞིབ། གཅིག་གྱུར་དོན་འཁྱོལ”བཅས་ཡོང་བ་བྱེད་པ་དང་། ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱེད་སྐབས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་བརྗེད་མི་རུང་བ་དང་། ལས་བྱེད་པ་འདེམས་བསྐོ་བྱེད་སྐབས་མི་རིགས་ལས་དོན་གྱི་འཐབ་ཕྱོགས་ཐོག་གི་ལས་བྱེད་པ་བརྗེད་མི་རུང་བ། ལས་དོན་ལ་དཔྱད་ཞིབ་བྱེད་སྐབས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་བརྗེད་མི་རུང་བ། ནོར་སྲིད་སྔོན་རྩིས་བྱེད་སྐབས་མི་རིགས་ལས་དོན་གྱི་གྲོན་དངུལ་བརྗེད་མི་རུང་བ། སྔོན་ཐོན་ལ་གཟེངས་བསྟོད་བྱེད་སྐབས་མི་རིགས་ལས་དོན་ཐད་ལེགས་སྐྱེས་འབུལ་མཁན་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་དང་དེ་བཞིན་ཁྱིམ་ཚང་བརྗེད་མི་རུང་བ་སོགས་རེད།

མི་རིགས་ལས་དོན་གྱི་གཙོ་གནད་དེ་རྒྱུན་དུ་ནས་སྤེལ་དགོས་པ་དང་སྙིང་གཏམ་ཤོད་རེས་བྱ་རྒྱུ་དེ་རེད། 2013ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས“ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་སྤེལ་བ་རེད། ལོ་དེའི་ཟླ་8པར་ལྷོ་ཁ་ས་ཁུལ་གོང་དཀར་རྫོང་ཧུང་ཤེན་སྡེ་ཁུལ་གྱི་དོན་གྲུབ་དང་། ཀུན་དགའ་རྒྱལ་མཚན། དགེ་ལེགས་སོགས་བོད་རིགས་མང་ཚོགས་དུད་ཚང་3ལ་རྒྱ་རིགས་ཀྱི་གཉེན་ཉེ་གཅིག་མང་དུ་ཕྱིན་ཡོད་པ་དེ་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཡིན་པ་རེད། ལོ་གཉིས་ནང་དུད་ཚང་བཞི་པོའི་དབར་འགྲོ་འོང་ཡོད་པ་དང་། ལོ་གསར་རམ་ཡང་ན་བརྟག་ཞིབ་གནང་བར་ཕེབས་ལམ་དུ་ཁྲེན་ཆོན་གོས་རང་ཉིད་ཀྱིས་གྲ་སྒྲིག་གནང་བའི་ལག་རྟགས་འཁྱེར་ནས་སྤུན་མཆེད་ཀྱི་ཁྱིམ་ཚང་ཁག་ལ་གཟིགས་པར་ཕེབས་ཀྱི་ཡོད། སྤུན་མཆེད་ཁྱིམ་ཚང་གསུམ་པོའང་ཁྲེན་ཆོན་གོའི་ཁྱིམ་དུ་སྐད་བཏང་གནང་གི་ཡོད། བོད་ཀྱི་ཏང་ཡོན་ལས་བྱེད་པ་46921གིས་ཀྱང་ཞིང་འབྲོག་མང་ཚོགས་དུད་ཚང་67066དང་ཆ་སྒྲིག་གཉེན་འཚོལ་བྱས་ཡོད། མང་ཚོགས་མང་པོས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ“ལས་བྱེད་པ་དང་མང་ཚོགས་དང་། རྒྱ་རིགས་དང་བོད་རིགས་ཕན་ཚུན་བརྩེ་སེམས་ཟབ་མོ་ལྡན་པ་དེ་ནི་ཉ་ཆུ་འདྲེས་པ་དང་མཚུངས”ཞེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།