ཡོམ་འགོག་གེགས་སེལ་མདུན་ཕྱོགས་བཀོད་འདོམས་པུས་ཚང་འཛོམས་ཚོགས་འདུ་ཐེངས་ལྔ་པ་འཚོགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-05-07 09:39:06

ཚེས་5ཉིན་གྱི་སྔ་དྲོ་ཡོམ་འགོག་གེགས་སེལ་མདུན་ཕྱོགས་བཀོད་འདོམས་པུས་ཚང་འཛོམས་ཚོགས་འདུ་ཐེངས་ལྔ་པ་འཚོགས་ནས་ཧྲུའུ་ཅི་ཁྲེན་ཆོན་གོས་གཞིས་རྩེ་གྲོང་ཁྱེར་དུ་ཡོམ་འགོག་གེགས་སེལ་ལས་དོན་ལ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གི་ལས་ཀའི་སྙན་ཞུ་ཉན་པ་དང་ཆབས་ཅིག་ཐག་གཅོད་བྱེད་དགོས་པའི་མངོན་གསལ་དོད་པོའི་དཀའ་ངལ་དང་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་ཡོམ་འགོག་གེགས་སེལ་གྱི་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

ཝུའུ་དབྱིང་ཅེས་མཛུབ་སྟོན་གནང་དོན། ཟླ་5ཚེས་3ཉིན་ཧྲུའུ་ཅི་ཁྲེན་ཆོན་གོས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་རྒྱ་ཆེའི་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ཕྱོགས་ཁག་གི་སྙན་ཞུ་གསན་ཏེ་ཡོམ་འགོག་གེགས་སེལ་དང་། བར་བརྒལ་བཀོད་སྒྲིག གེགས་རྗེས་བསྐྱར་སྐྲུན་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུར་བཀོད་སྒྲིག་ཁ་གསལ་གནང་ཡོད། ཟླ་5ཚེས་4ཉིན་ཧྲུའུ་ཅི་ཁྲེན་ཆོན་གོ་གཞིས་རྩེ་གྲོང་ཁྱེར་དུ་ཕེབས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་དང་འཐབ་ས་མདུན་མར་འབད་འཐབ་བྱེད་བཞིན་པའི་ལས་བྱེད་ལས་བཟོ་དང་དཔོན་དམག་དང་ལས་བྱེད་ཉེན་རྟོག་པར་འཚམས་འདྲི་གནང་བ་དང་ཆབས་ཅིག་གནོད་འཚེ་ཕོག་པའི་མང་ཚོགས་བར་བརྒལ་བཀོད་སྒྲིག་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་དང་་བཀོད་སྒྲིག་བྱ་ཡུལ་གྱི་གུར་ནང་གི་བཀོད་འདོམས་པུའུ་རུ་སྙན་ཞུ་གསན་པ་དང་གསུང་བཤད་གལ་ཆེན་གནང་བས་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ང་ཚོའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་སོང་ཡོད།

ཝུའུ་དབྱིང་ཅེས་གཅིག་ནས་ས་ཡོམ་གནོད་འཚེའི་གནས་ཚུལ་གྱི་ཚབས་ཆེའི་རང་བཞིན་ངོས་འཛིན་གང་ལེགས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་ཕྱར་བ་གྲུ་འདེགས་བཅས་ཡོད་པས་ང་ཚོའི་ཡོམ་གོག་གེགས་སེལ་ལས་དོན་ལ་རྦད་དེ་རྒྱལ་ཁ་ཐོབ་ངེས་ཡིན་པ་དང་གེགས་ཁུལ་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད། གཉིས་ནས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ལས་དོན་སྔར་བས་ཡག་པོ་བསྒྲུབས་ཏེ་རྗེས་མཐུད་རོགས་སྐྱོབ་སྲིད་ཇུས་ཞིབ་འཇུག་གིས་ཡག་པོ་བཟོ་བ་དང་ལྷག་པར་དུ་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་དང་ཁོང་ཚོར་སེམས་གསོ་བཏང་སྟེ་ཞབས་ཞུའི་ཆ་རྐྱེན་ལེགས་སུ་དང་འགན་ལེན་ཆུ་ཚད་མཐོ་རུ་བཏང་ནས་དཀའ་ངལ་ལས་རྒྱལ་ཐུབ་པ་དང་ཐུན་མོང་ཐོག་རྐྱེན་ངན་སེལ་ཐུབ་པའི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཡིད་ཆེས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། བཀོད་སྒྲིག་བྱ་ཡུལ་ཁག་གིས་མེ་ཟོན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་ཁ་གསལ་དང་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་འཕྲལ་སྡོམ་གྲ་སྒྲིག་ཡག་པོ་བྱས་ནས་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་བསལ་དགོས། གསུམ་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལས་ཞུགས་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཅིག་སྡུད་ཐོག་ཁྲོམ་ར་འཛུགས་གཉེར་དང་སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་སླར་གསོ་ཐུབ་རོགས་བྱེད་དགོས། བཞི་ནས་སྟོབས་ཤུགས་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་གེགས་ཁུལ་གྱི་འཐུང་ཆུ་དང་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གེགས་ཁུལ་གྱི་ཞིག་རོ་གཙང་བཟོ་དང་། གད་སྙིགས་གཙང་ཕྱག ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་གེགས་ཁུལ་གྱི་ནད་ཡམས་སྔོན་འགོག་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་གེགས་ཁུལ་དུ་ནད་ཡམས་མི་ཐོན་པ་བྱེད་དགོས། ལྔ་ནས་ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱས་ཏེ་སྒུལ་ཚུལ་རྣམ་པའི་ལྟ་ཞིབ་ཚད་ལེན་དང་ཚན་རིག་དང་མཐུན་པའི་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་ནས་གནོད་འཚེའི་སྔ་ལྟས་དུས་ཐོག་ཏུ་སྙན་སེང་ཞུས་ཏེ་ཞོར་ཐོན་གནོད་འཚེའི་འཇིགས་སྐུལ་བསེལ་དགོས། དྲུག་ནས་དམག་དཔུང་དང་ས་གནས་ཀྱི་སྟོབས་ཤུགས་སྤྱི་འདོམས་ཀྱིས་གནོད་འཚེའི་དབང་གིས་གཞུང་ལམ་འགག་པ་མུ་མཐུད་མྱུར་བཟོ་བྱས་ཏེ་གཞུང་ལམ་ཤར་གཏོང་གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་པ་དང་གནོད་འཚེ་ཕོག་ཁུལ་གྱི་གློག་དང་། འཕྲིན་གཏོང་། རླུང་འཕྲིན་བརྙན་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་སླར་གསོ་ཡོང་རྒྱུར་དམ་འཛིན་བྱས་ཏེ་ལམ་འགག་མ་ཐག་འཕྲལ་མར་ཤར་གཏོང་ཐུབ་པ་བྱས་ནས་གེགས་ཁུལ་གྱི་རྒྱུན་གཏན་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་པའི་འགན་ལེན་བྱེད་དགོས། བདུན་ནས་གནོད་འཚེའི་གནས་ཚུལ་དང་གདིང་གཞི་ཁ་གསལ་པོ་ཡོང་བ་བྱས་ནས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་དང་། ཁ་གསབ་སྲིད་ཇུས་དོན་འཁྱོལ། གེགས་རྗེས་བསྐྱར་སྐྲུན་གང་ལེགས་བཅས་བྱ་རྒྱུར་བློས་འཁེལ་བའི་གཞི་འཛིན་ས་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།