སྐྱིད་གྲོང་གྲོང་རྡལ་སློབ་ཆུང་དངོས་སུ་སློབ་ཚན་ཚུགས་པ།

| 2015-05-04 09:41:18

ཟླ་5ཚེས་1ཉིན་གྱི་ཆུ་ཚོད་15ཡི་ཐོག་སྒམ་བརླིང་ལྡན་པའི་རྒྱལ་དར་བསྒྲེངས་པའི་མཛད་སྒོའི་ཁྲོད་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་སློབ་ཆུང་དངོས་སུ་སློབ་ཚན་ཚུགས་པ་རེད།

“4·25”ས་ཡོམ་ལས་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་སློབ་ཆུང་གི་སློབ་ཁྲིད་ཐོག་ཁང་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ནས་བཀོལ་སྤྱོད་བྱེད་ཐབས་བྲལ། ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་བདུན་པར་སྐྱིད་གྲོང་རྫོང་གིས་དཔུང་སྡེ་དང་སློབ་གྲྭའི་དགེ་རྒན་སྒྲིག་འཛུགས་ཧུར་ཐག་བྱས་ཏེ། སློབ་གྲྭའི་ནང་དུ་སྦྲ་གུར་18ཕུབ་ནས་སློབ་གྲྭ་དེ་ཡོངས་ཀྱི་ལོ་རིམ་6དང་འཛིན་གྲྭ་བདུན་གྱི་སློབ་མར་སྔ་ཙམ་སློབ་ཚན་འཚོག་ཐུབ་པ་བྱས་པ་རེད།

སྐྱིད་གྲོང་གྲོང་རྡལ་སློབ་ཆུང་གི་སློབ་སྤྱི་འགྱུར་མེད་ཀྱིས་ཟླ་5ཚེས་1ཉིན་ལོ་རིམ་ལྔ་པ་དང་དྲུག་པའི་སློབ་ཕྲུག་112སྔོན་ལ་སློབ་ཚན་ཚུགས་པ་དང་། ཟླ་5ཚེས་2ཉིན་ལོ་རིམ་དང་པོ་ནས་བཞི་པ་བར་གྱི་སློབ་ཕྲུག་232ཀྱང་སློབ་ཚན་ཚུགས་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་དང་ཁོང་གིས་སློབ་གྲྭའི་སློབ་མའི་ཉལ་ཁང་དང་ཟ་ཁང་བརྒྱབ་ནས་ལོ་གཉིས་ལས་སོང་མེད་སྟབས་ས་ཡོམ་གྱི་གཏོར་སྐྱོན་འགོག་ཐུབ་པ་དང་འབྲེལ་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་ཞིབ་བཤེར་ཚད་འཇལ་དང་དཔྱད་དཔོག་བྱས་པ་བརྒྱུད་སློབ་མའི་ཉལ་ཁང་དང་ཟ་ཁང་བཀོལ་སྤྱོད་ཆོག་པའི་ངོས་འཛིན་བྱས་ཏེ་ཕྲུ་གུ་ཚོའི་ཞག་སྡོད་དང་ལྟོ་ཆས་ཀྱི་གནད་དོན་འགན་ལེན་ཐུབ་ཡོད་ཅེས་བཤད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།