རང་ལྗོངས་ཀྱི་གེགས་ཁུལ་མང་ཚོགས་བཀོད་སྒྲིག་ཡག་པོ་བྱུང་བ།

| 2015-05-04 09:36:22

གསར་འགོད་པས་རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར། ཕྱོགས་ཁག་གི་འབད་བརྩོན་འོག་རང་ལྗོངས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་63989བཀོད་སྒྲིག་བྱས་པའི་ཐོག་ཟ་གོས་སྡོད་སོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱུང་བ་མ་ཟད། བཀོད་སྒྲིག་བྱ་ཡུལ་དུ་བརྙན་འཕྲིན་ཡང་སྒྲིག་སྦྱོར་བྱས་ཡོད།

ཟླ་5ཚེས་2ཉིན་གྱི་ཆུ་ཚོད་17བར་ནེ་པ་ལའི་ས་ཡོམ་རིམ་པ་8.1གི་ཤུགས་རྐྱེན་དབང་གིས་རང་ལྗོངས་སུ་མི་26ཤི་བ་དང་། མི་3གར་སོང་ཆ་མེད་དུ་གྱུར་པ། མི་856ལ་རྨས་སྐྱོན་ཕོག་པ། ཁང་མིག་2699རྡིབ་པ། དུད་ཚང་37244ལ་གཏོར་སྐྱོན་ཕོག་པ(དེའི་ནང་ཉེན་ཡོད་ཁང་པ་1860ཡོད་པ) དགོན་པ་173ལ་གཏོར་སྐྱོན་ཕོག་པ(དེའི་ནང་དགོན་པ་54ལ་གཏོར་སྐྱོན་ཆེ་ཙམ་ཕོག་ཡོད་པ་དང་དགོན་པ་37ལ་གཏོར་སྐྱོན་ཆུང་ཙམ་ཕོག་པ) དགོན་པ་20ཡི་དོ་དམ་སྒྲིག་གཞིའི་ཁང་པར་གཏོར་སྐྱོན་ཕོག་པ(དེའི་ནང་ཁང་པ་14ལ་གཏོར་སྐྱོན་ཆེ་ཙམ་ཕོག་ཡོད་པ་དང་ཁང་པ་གཉིས་ལ་གཏོར་སྐྱོན་ཆུང་ཙམ་ཕོག་པ) གྲྭ་བཙུན་1873ལ་གནོད་འཚེ་ཕོག་པ་བཅས་ཀྱི་གནས་ཚུལ་ཐོན་ཡོད།

རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་བཀོད་འདོམས་པུའི་གཅིག་གྱུར་བཀོད་སྒྲིག་འོག་ཕྱོགས་ཁག་གིས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྤེལ་ནས་མི་ཐེངས་53488དང་རླངས་འཁོར་དང་འཕྲུལ་ཆས་2500བཏང་ནས་ལམ་གཤོང་རྒྱུ་དང་། ས་ཡོམ་གྱི་གནས་ཚུལ་ཞིབ་བཤེར། དངོས་ཟོག་དབོར་འདྲེན། གུར་རྒྱག་པ། ཞིག་རོ་གཙང་སེལ། སྨན་བཅོས། བཀོད་སྒྲིག་བྱ་ཡུལ་སྐྲུན་རྒྱུ། མང་ཚོགས་གནས་སྤོ་བྱ་རྒྱུ་བཅས་ཀྱི་ལས་འགན་འཁུར་ཡོད། ཁྱོན་གུར་16237དང་། གངས་ཤེལ་11000 ཟས་རིགས་ཏུན་42 བཏུང་བཅའ་ཏུན་42 རྩམ་པ་ཏུན་48 འབྲས་དང་གྲོ་ཞིབ་ཏུན་236 ཕོར་ཐུག་སྒམ་19000 དམག་མིའི་ཏ་དབྱི་8950 ཕོ་ཁེབས་11000ཉལ་ཁྲི་12000 བཙུགས་ཕྲུག་5300 སྲིང་བལ་གྱི་སྟོད་གོས་དང་གོས་ཐུང་7609 གཏེར་ཆུ་ཏུན་235 ཟ་སྣུམ་ལྕགས་ཀྲིང་5500 ཇ་བག་ཆུང་ཏུན་40 སྦི་ཅི་ལི་8270 ཡང་ལཱ་སྒམ་755 ཉལ་ཤུབ་4580 ཆར་གོས་15600 བཅས་སྤྲད་ཡོད། རང་སྐྱོང་ལྗོངས་འཕྲལ་སྡོམ་གཞུང་དོན་ཁང་གིས་བརྙན་འཕྲིན་སོགས་འཕྲལ་མཁོའི་དངོས་ཟོག་ཉོས་ནས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱེད་གནས་སུ་དབོར་བ་དང་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་། ནོར་སྲིད་ཐིང་། གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་བཅས་ཀྱིས་སྒོར་ཁྲི་370.531བཏང་ནས་བརྙན་འཕྲིན་1500དང་། སྲུང་སྐར་བསྡུ་ལེན་སྒྲིག་ཆས་1500 གློག་གི་བསྒར་ཁུང་1500བཅས་ཉོས་པ་དག་གཞིས་རྩེའི་ཕྱོགས་སུ་དབོར་བཞིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།