ས་ཡོམ་གྱི་གནོད་འཚེའི་གྱོང་གུན་ཞིབ་བསྡུར་དཔྱད་དཔོག་ལས་དོན་བཀོད་སྒྲིག་བྱས་པ།

| 2015-05-04 09:34:59

ཧྲུའུ་ཅི་ཁྲེན་ཆོན་གོའི་མཛུབ་སྟོན་བླང་བྱ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་རང་སྐྱོང་ལྗོངས་ཀྱི“4·25”ཡོམ་འགོག་གེགས་སེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཚེས་1ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང“4·25”ས་ཡོམ་གནོད་འཚེའི་གྱོང་གུན་ཞིབ་བསྡུར་དཔྱད་དཔོག་ལས་དོན་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ས་ཡོམ་ཅུས་དང་། དམངས་སྲིད་ཐིང་། འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་ཐིང་། རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་། འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཆུ་བེད་ཐིང་། ཞིང་འབྲོག་ཐིང་སོགས་འབྲེལ་ཡོད་སྡེ་ཚན་གྱིས“4·25”ས་ཡོམ་གནོད་འཚེའི་གྱོང་གུན་ཞིབ་བསྡུར་དཔྱད་དཔོག་དང་གེགས་རྗེས་བསྐྱར་སྐྲུན་ལས་དོན་ཐད་གྲོས་འགོ་བཏོན་པ་རེད།

ཏེང་ཞའོ་ཀང་གིས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འགྲིལ་ཤུགས་ཤིག་ཆགས་པ་བྱེད་དགོས། “4·25”ས་ཡོམ་གནོད་འཚེའི་གྱོང་གུན་ཞིབ་བསྡུར་དཔྱད་དཔོག་འགོ་ཁྲིད་ཚོགས་ཆུང་དང་དེ་བཞིན་ཁོངས་ཞུགས་ཚན་པས་བྱེད་པོའི་ནུས་པ་འདོན་སྤེལ་བྱེད་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་དུས་ཐོག་ཏུ་འབྱོར་བ་དང་སེམས་ཤུགས་གཅིག་སྡུད་བྱེད་པ་དང་། འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་འགོ་ཁྲིད་མ་ལག་དང་ལས་རིགས་ཟུང་འབྲེལ་དང་གོང་འོག་མཉམ་སྒུལ་བྱེད་པ། སྤྱི་འདོམས་འགག་སྒྲོལ་དང་འགག་སྒོ་ནན་པོ་སྲུང་བ་བཅས་བྱེད་དགོས། རང་ལྗོངས་ཀྱི་དམིགས་བསལ་གནས་ཚུལ་ལ་བསམ་གཞིགས་གང་ལེགས་བྱས་ནས་ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱི་དོ་ཁུར་དང་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས་པ་དང་དཔྱད་དཔོག་ལས་དོན་གང་མགྱོགས་ལེགས་སྒྲུབ་ཐུབ་རྒྱུའི་འགན་ལེན་བྱས་ཚེ་གེགས་ཁུལ་མང་ཚོགས་བཀོད་སྒྲིག་ཡག་པོ་བྱེད་པར་ཕན་པ་ཡོད་པ་དང་། གེགས་ཁུལ་སླར་གསོ་བསྐྱར་སྐྲུན་བྱེད་པར་ཕན་པ་ཡོད་པ། གེགས་ཁུལ་གྱི་སླད་ཕྱིན་གྱི་ཡུན་རིང་འཕེལ་རྒྱས་ལ་ཕན་པ་ཡོད་པ། ད་ལྟའི་འགན་འཁྲིའི་ལམ་ལུགས་དང་ལམ་སྲོལ་དོན་འཁྱོལ་བྱེད་པར་ཕན་པ་ཡོད་པ་བཅས་ཡིན་པས་མི་རིགས་ཁག་གི་གནོད་འཚེ་ཕོག་པའི་མང་ཚོགས་ལ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དོ་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཚོགས་འདུའི་ཐོག་ད་དུང་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་གྱིས་བཏོན་པའི་ཞིབ་ཕྲའི་ལས་དོན་མཐུན་སྦྱོར་ཐག་གཅོད་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།