ཅང་སུའུ་ཞིང་ཆེན་དང་ཀྲུང་གོ་རྡོ་སྣུམ་ཀུང་སིས་རང་ལྗོངས་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ་དང་སྦྲགས་ཞལ་འདེབས་ཕུལ་བ།

| 2015-05-04 09:32:26

ཉེ་དུས། ཅང་སུའུ་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་དང་། དེ་བཞིན་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཀུང་སིས་ས་ཡོམ་གེགས་ཁུལ་ལ་སྒོར་ཁྲི་500དང་སྒོར་ཁྲི་200ཞལ་འདེབས་བརྒྱབ་ནས་རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལ་རྒྱབ་སྐྱོར་ཧུར་ཐག་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཅང་སུའུ་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་འཚམས་འདྲིའི་གློག་འཕྲིན་ནང་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་པས་བོད་ཀྱི་ས་ཆ་མང་པོ་ཞིག་ལ་ཡོམ་ཐེབས་ནས་ས་གནས་དེ་གའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ལ་གནོད་འཚེ་ཚབས་ཆེན་བྱུང་བས། གེགས་ཁུལ་མི་དམངས་ལ་དམིགས་སུ་བཀར་ནས་སེམས་གསོ་འཚམས་འདྲི་ཟབ་མོ་ཞུ་རྒྱུ་ཡིན། ཅང་སུའུ་ཡིས་སྔར་རྒྱུན་བཞིན་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཁག་ཡག་པོ་སྤེལ་བ་དང་ལས་དོན་སྤེལ་ཤུགས་སྔར་བས་ཆེ་བའི་ཐོག་ནས་གནོད་འཚེ་ཕོག་པའི་ས་ཁུལ་གྱི་ཡོམ་འགོག་གེགས་སེལ་དང་། ཐོན་སྐྱེད་སླར་གསོ། ཁྱིམ་གཞིས་བསྐྱར་སྐྲུན་བཅས་ཀྱི་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཀུང་སིའི་འཚམས་འདྲིའི་ཡི་གེའི་ནང་བོད་ཀྱི་ས་ཡོམ་གེགས་ཁུལ་གྱི་གནོད་འཚེའི་གནས་ཚུལ་ཚབས་ཆེན་ལ་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཀུང་སིའི་ལས་བཟོ་ཁྲི་བརྒྱ་ཙམ་གྱིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། ཡོམ་འགོག་གེགས་སེལ་ལས་དོན་ལ་རོགས་སྐྱོར་བྱ་ཆེད་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཀུང་སིས་བོད་ལ་དམིགས་སུ་བཀར་ནས་སྒོར་ཁྲི་200ཞལ་འདེབས་ཕུལ་བ་དང་དུས་མཚུངས། ཀུང་སིས་དཀའ་ངལ་མཐའ་དག་ཁྱད་བསད་བྱས་ནས་ནུས་ཤུགས་ཡོད་རྒུས་སྣུམ་དང་དངོས་ཟོག་འགན་ལེན་མཁོ་སྤྲོད་ཡག་པོ་བྱས་ཏེ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་བོད་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ཁག་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།