《བོད་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་དོ་དམ་སྲོལ་ཡིག》ལག་བསྟར་བྱེད་འགོ་ཚུགས་པ།

| 2015-05-02 15:34:59

བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་སྔོན་འགོག་དང་ཉུང་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ལུས་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བཅས་བྱ་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》《འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་དོ་དམ་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་དོ་དམ་སྲོལ་ཡིག》བཟོས་པ་དང་འབྲེལ་ལག་བསྟར་བྱེད་འགོ་བཙུགས་པ་རེད།

ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་འཛུགས་སྐྲུན་ལས་གྲྭའི་གསར་སྐྲུན་དང་། རྒྱས་སྐྲུན། བསྐྱར་སྐྲུན། བཤིག་པ་སོགས་འབྲེལ་ཡོད་བདེ་འཇགས་ཐོན་སྐྱེད་དང་དེ་བཞིན་ལག་བསྟར་བྱེད་མཁན་གྱིས་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་ཐད《བོད་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་དོ་དམ་སྲོལ་ཡིག》ལ་བརྩི་སྲུང་ཞུ་དགོས། དེ་གའི“འཛུགས་སྐྲུན་ལས་གྲྭ”ཞེས་པ་དེ་ནི་ཨར་ལས་ལས་གྲྭ་དང་། འཛུགས་སྐྲུན་ལས་གྲྭ སྐུད་ལམ་མདོང་ལམ། སྒྲིག་ཆས་སྒྲིག་སྦྱོར་ལས་གྲྭ་བཅས་དང་དེ་བཞིན་མཛེས་བཟོའི་ལས་གྲྭར་བརྗོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།