རོགས་སྐྱོབ་བྱེད་མཁན་དུས་དང་རྣམ་པ་ཀུན་ཏུ་ང་ཚོའི་འགྲམ་དུ་ཡོད།

| 2015-05-02 15:31:07

ཟླ་4ཚེས་28ཉིན་གྱི་ཞོགས་པར་སླར་ཡང་ཡོམ་འཕྲོ་ཐེངས་གཅིག་བརྒྱབ།

གཉའ་ལམ་རྫོང་དུ་གནས་སྐབས་བརྒྱབ་པའི་བཀོད་འདོམས་གུར་ནང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པ་ལུའེ་ཐའོ་ཡིས་དངངས་འཚབ་ངང“མགྱོགས་པོ་མྱུར་བཟོ་རུ་ཁག་ལ་འབྲེལ་བ་བྱས་ནས་ཤར་གཏོང་ཐུབ་མ་ཐག་པའི་གཞུང་ལམ་ལ་གནོད་སྐྱོན་བྱུང་འདུག་གམ”ཞེས་མགྲིན་པ་བརྣང་པའི་སྐད་སྒྲ་ལས་ཆུ་ཚོད་50ལྷག་ཙམ་ངལ་གསོ་རྒྱག་ཁོམ་མ་བྱུང་བའི་ཁོང་ངལ་དུབ་ཀྱིས་མནར་བའི་སྣང་ཚུལ་མངོན་ཐུབ།

ཁ་པར་ནང“ཤར་གཏོང་ཐུབ་པའི་གཞུང་ལམ་བསྐྱར་དུ་འགག་སོང”ཞེས་བཤད།

ལུའེ་ཐའོ་ཡིས“ལམ་སེང་རྡོག་ཐོན་བྱས་ནས་དཀའ་ངལ་ག་ཚོད་འཕྲད་རུང་། འགྲམ་དུ་སྐྱོད་ནས་ཚེ་སྲོག་གི་ལམ་བུ་ཤར་གཏོང་བྱེད་དགོས”གནོད་འཚེའི་གནས་ཚུལ་ལ་ཡུད་ཙམ་ཡང་ནར་འགྱངས་བྱེད་མི་རུང་། གནོད་འཚེ་ཕོག་པའི་མང་ཚོགས་སར་སྐྱོད་སའི་ལམ་ཆད་མི་རུང་ལ་འགོར་འགྱངས་ཀྱང་བྱེད་མི་རུང་ཞེས་བཤད།

དོན་དངོས་ཐོག་ནེ་པ་ལའི“4·25”ས་ཡོམ་བརྒྱབ་རྗེས་སྐྱིད་གྲོང་འགག་སྒོའི་འཕྲིན་གཏོང་ཆད་པ་དང་ཁང་པ་བརྡིབས་པས་སྤྱི་བདེ་སྡེ་ཚན་གྱི་དཔོན་དམག་ཚོ་ངལ་གསོ་རྒྱག་ཁོམ་མེད་པར་རོགས་སྐྱོབ་བྱེད་བཞིན་ཡོད། གནོད་འཚེ་ཐོན་སྐབས་ཁོང་ཚོ་ནི་མང་ཚོགས་དང་ཐག་ཉེ་ཤོས་ཡིན་པ་དང་མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པའི་སྐབས་སུ་མདུན་མཆོང་བྱེད་མཁན་དང་སྲོག་ཉེན་ལ་མི་འཛེམས་པར་མང་ཚོགས་དང་མཉམ་དུ་ཡོམ་འགོག་གེགས་སེལ་བྱེད་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས་རེད།

ཟླ་4ཚེས་25ཉིན་གྱི་དགོང་མོ་གཉའ་ལམ་རྫོང་མི་དམངས་སྨན་ཁང་དུ“སྟབས་ལེགས་པ་ཞིག་ལ་ཁྱེད་ཚོས་དུས་ཐོག་ཏུ་བསྐྱལ་བས་མ་གཏོཌ་དུས་ཚོད་སྐར་མ་20ཙམ་འགྱངས་ཚེ་རྨས་མའི་ཚེ་སྲོག་ལ་ཉེན་ཁ་འཕྲད་སྲིད”ཅེས་པའི་སྨན་པའི་སྐད་ཆ་དེ་ཐོས་རྗེས་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གཉའ་ལམ་མཐའ་སྲུང་རུ་ཆེན་ཆུ་ཤང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ཚན་མོའུ་མོ་ཤིང་དང་འཐབ་གྲོགས་ཚོ་གཞི་ནས་སེམས་ལྷོད་དུ་བབས་ཡོད།

དོན་དག་དེ་ས་ཡོམ་བརྒྱབ་པའི་ཉིན་དེ་ནས་གླེང་དགོས་པ་སྟེ།

ས་ཡོམ་བརྒྱབ་རྗེས་རླངས་འཁོར་མཐུན་སྦྱོར་བྱས་ནས་དེ་གར་ལུས་པའི་ཡུལ་སྐོར་བ་དང་གནོད་འཚེ་ཕོག་པའི་མང་ཚོགས་ས་ཆ་གཞན་དུ་གནས་སྤོ་བྱེད་བཞིན་པའི་ཞིབ་བཤེར་ས་ཚིགས་ཀྱི་ཀྲན་ཀྲང་ཀྲུའོ་ཧྲེང་ཚའེ་དང་དཔོན་དམག་ལ་ཞིབ་བཤེར་ས་ཚིགས་ནས་བར་ཐག་སྤྱི་ལེ་3ཙམ་ཡོད་པའི་བཅའ་སྡོད་ཁུལ་གྱི་མང་ཚོགས་ཀྱི་ཉེན་བརྡ་འབྱོར་ཞིང་། ཉེན་བརྡ་འབྱོར་རྗེས་ཀྲུའོ་ཧྲེང་ཚའེ་ཡིས་འཕྲལ་དུ་ཚན་མོའུ་མོ་ཤིང་གིས་སྨན་པ་གཅིག་དང་འཐབ་འཛིང་པ་གཅིག་ཁྲིད་དེ་གང་མགྱོགས་གནས་ཚུལ་ཐོན་སར་མངགས། རྒྱལ་ལམ་318འགྲམ་གྱི་བྲག་རྡོ་ཆེན་པོ་ཞིག་གི་འོག་རྨས་སྐྱོན་ཕོག་ནས་དྲན་པ་འཐོར་བའི་མི་སེར་གཅིག་ཁ་ནས་ཁྲག་དོན་པ་དང་སྒལ་པ་དང་ལག་པ་གཡོན་མར་རྡོ་ཐེབས་ནས་རྨས་སྐྱོན་ཚབས་ཆེན་ཕོག་པ་ཤེས་རྟོགས་བྱུང་བ་རེད། སྨན་པ་ལི་ཤིན་གྱིས་འཕྲལ་དུ་མྱུར་སྐྱོབ་བྱས་རྐྱེན་སྐར་མ་12ཙམ་སོང་རྗེས་སྟབས་བདེའི་སྨན་བཅོས་བྱུང་ནས་རྨས་མ་མགྱོགས་མྱུར་གཉའ་ལམ་རྫོང་མི་དམངས་སྨན་ཁང་དུ་སྐྱེལ་ཐུབ་པ་རེད།

ཟླ་4ཚེས་25ཉིན་ལོ་22ལ་སླེབས་པའི་སྐྱིད་གྲོང་འགག་སྒོའི་སྤྱི་བདེ་ཡན་ལག་ཅུས་འགྲིམ་འགྲུལ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ལུའོ་ཐན་ལིང་ཉེན་དོན་ཁང་གི་ཆུ་ཚོད་24ཡི་ལས་རེས་བྱས་ཚར་མ་ཐག་ངལ་གསོས་ནས་སྡོད་སྐབས་ས་ཡོམ་བརྒྱབ་པ་དང་ལུའོ་ཐན་ལིང་གི་ཚོར་སྐྱེན་ཨང་དང་པོ་དེ་ནི་རོགས་སྐྱོབ་ནང་ཞུགས་རྒྱུ་དེ་རེད། ལུའོ་ཐན་ལིང་གིས“ངའི་བསམ་པར་མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཀྱི་སྐབས་ངས་མདུན་དུ་སྐྱོད་ནས་མང་ཚོགས་དང་མཉམ་དུ་བསྡད་དེ་ཁོང་ཚོའི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་སྙམ་བྱུང”ཞེས་བརྗོད།

ཁྲོམ་གཞུང་དུ་བསྐྱོད་སྐབས་ལུའོ་ཐན་ལིང་གིས་མང་ཚོགས་རྣམས་གང་སར་རྒྱུག་པ་མཐོང་ཞིང་། “སྐབས་དེ་དུས་ངའི་བསམ་པར་ང་ནི་ཉེན་རྟོག་པ་ཞིག་ཡིན་པས་ངས་དངངས་འཚབ་བྱས་ཚེ་མང་ཚོགས་ཚོས་དེ་བས་དངངས་འཚབ་བྱེད་སྲིད་སྙམ་བྱུང”དེར་བརྟེན་ལུའོ་ཐན་ལིང་གིས་ཚང་མར་དངངས་འཚབ་མི་བྱེད་པར་ཁང་པ་དང་ཐག་རིང་སར་སྐྱོད་དགོས་པའི་ཁ་ཏ་བྱས་པ་མ་ཟད། ཉེ་འགྲམ་གྱི་ཐང་ཆེན་ཐོག་གཅིག་སྡུད་བྱས་པ་རེད།

མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཀྱི་སྐབས་སུ་ཁོང་ཚོ་དེ་གར་གནས་པ་དང་མང་ཚོགས་ལ་རོགས་རམ་དང་ལྟ་རྟོག་བྱེད་བཞིན་ཡོད། དེ་ནི་ཁོང་ཚོས་མང་ཚོགས་ལ་བཞག་པའི་དམ་བཅའ་ཡིན་ཞིང་། གནོད་འཚེའི་མདུན་དུ་དམ་བཅའ་དང་ལྟ་རྟོག་ནི“ཉེན་དམངས་ཁྱིམ་གཅིག་ལྟར”ཞེས་པའི་ནང་དོན་གཙོ་བོ་དེ་རྒྱས་བཤད་བྱས་པ་ཡིན་ཤས་ཆེ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།