བོད་ཀྱིས་ནེ་པ་ལར་རོགས་སྐྱོར་བྱེད་པའི་རོགས་སྐྱོབ་དངོས་ཟོག་ཁག་དང་པོར“ཐོགས་མེད་བགྲོད་ལམ”ཤར་གཏོང་བྱས་པ།

| 2015-05-02 15:30:33

ཟླ་4ཚེས་29ཉིན་གྱི་ཆུ་ཚོད་8དང་སྐར་མ་30ཡི་ཐོག་བོད་རང་སྐྱོང་ལྗོངས་ཀྱིས་ནེ་པ་ལར་རོགས་སྐྱོར་བྱེད་པའི་དངོས་ཟོག་ཁག་དང་པོ་ལྷ་ས་གོང་དཀར་གནམ་གྲུ་ཐང་དུ་འབྱོར་ཞིང་། བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་ལྷ་ས་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་འཕྲལ་དུ་དཔོན་དམག་མངགས་ནས་གནམ་གྲུ་ཐང་ཟོག་འདྲེན་པུའུ་དང་འགག་སྒོའི་མཉམ་འབྲེལ་ཞིབ་བཤེར་ཚན་པ་དང་མཉམ་དུ་འཆར་ཅན་ཞིབ་བཤེར་བྱས་པ་མ་ཟད། ལས་དོན་མི་སྣར“ཐོགས་་མེད་བགྲོད་ལམ”ཤར་གཏོང་བྱས་ཏེ་སྤུས་ལེགས་དང་སྟབས་བདེའི་ངང་འགག་སྒོ་ཤར་གཏོང་གི་ཞབས་འདེགས་ཞུས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱིས་ནེ་པ་ལར་རོགས་སྐྱོར་བྱེད་པའི་དངོས་ཟོག་ཁག་དང་པོའི་ནང་གཏེར་ཆུ་དང་། ཀམ་པ་ལི། གུར་སོགས་སྒོར་ཁྲི་20ལྷག་ཙམ་རི་བའི་དངོས་ཟོག་ཡོད། འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་ནེ་པ་ལར་རོགས་སྐྱོབ་དངོས་ཟོག་གཅིག་རྗེས་གཉིས་མཐུད་ངང་གཏོང་རྒྱུ་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།