གྲོ་མོའི་མཐའ་མཚམས་ཚོང་དོན་ལག་ཁྱེར་རྒྱུན་གཏན་བཞིན་གཉེར་བཞིན་ཡོད།

| 2015-05-02 15:29:28

གྲོ་མོ་རྫོང་མཐའ་མཚམས་ཚོང་དོན་གྱི“གཅིག་འཐུས་རྣམ་པའི”དམངས་ཕན་ཞབས་ཞུའི་ལག་ཁྱེར་གཉེར་སའི་ཚོམས་ཆེན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དམངས་ཕན་ཞབས་ཞུའི་ལག་ཁྱེར་གཉེར་སའི་ཚོམས་ཆེན་གྱི་ལས་དོན་ཁག་ལ་ནེ་པ་ལའི་ས་ཡོམ་གྱི་ཤུགས་རྐྱེན་ཕོག་མེད་་པས་མཐའ་མཚམས་ཚོང་དོན་གྱི་ལག་ཁྱེར་གཉེར་བའི་ལས་དོན་ཁག་རྒྱུན་གཏན་བཞིན་སྤེལ་བཞིན་ཡོད། ཉེ་ཆར་གྲོ་མོ་རྫོང་གི་མཐའ་མཚམས་ཤང་གྲོང་ཁག་གི་མཐའ་མཚམས་ཡུལ་མི་མི་ཉུང་བ་ཞིག་འདི་ལོའི་མཐའ་མཚམས་ཚོང་དོན་གྱི་ལག་ཁྱེར་གཉེར་བར་ཡོང་བ་དང་མཐའ་མཚམས་ཚོང་དོན་གྱི་ལས་ལ་ཞུགས་པའི་མཐའ་མཚམས་ཡུལ་མི་ཚོའི་སྤྲོ་སེམས་དང་ཡིད་ཆེས་ལ་ས་ཡོམ་གྱི་ཤུགས་རྐྱེན་ཕྲན་བུ་ཙམ་ཡང་ཕོག་མེད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།