སྐྱིད་གྲོང་གྲོང་རྡལ་གྱི་ཚོང་དུད་གཅིག་རྗེས་གཉིས་མཐུད་ངང་ཚོང་གཉེར་བྱེད་འགོ་ཚུགས་པ།

| 2015-05-02 15:28:58

ས་ཡོམ་བརྒྱབ་ནས་ཉིན་དྲུག་སོང་བའི་ཟླ་4ཚེས་30ཉིན་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དུ་མགྲོན་ཁང་དང་། གསོལ་མགྲོན་ཁང་། ཚལ་འཚོང་ས་སོགས་ཚོང་གཉེར་བྱེད་འགོ་ཚུགས་ནས་གྲོང་རྡལ་དེ་ཡོངས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གོ་རིམ་ལྡན་པའི་ངང་སླར་གསོ་ཡོང་བཞིན་ཡོད་པ་གསར་འགོད་པས་མཐོང་བྱུང་།

གསར་འགོད་པས“4.25”ཉིན་གྱི་ཡོམ་འགོག་གེགས་སེལ་སྐྱིད་གྲོང་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ས་ཡོམ་བརྒྱབ་རྗེས་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་དང་ས་ཡོམ་ཅུས་སོགས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་སྐྱིད་གྲོང་གྲོང་རྡལ་གྱི་ཁང་པར་ཞིབ་དཔྱད་ཚོད་སྐོར་བྱས་ནས་གྱོང་གུན་ཕོག་ཁྱོན་ཆུང་བ་དང་སྡོད་གནས་ཆ་རྐྱེན་འཛོམས་པའི་ཁང་པར་གློག་ཤུགས་དང་ཆུ་བེད་སོགས་སྡེ་ཚན་གྱིས་འཕྲལ་དུ་གློག་དང་ཆུ་ཤར་གཏོང་ཐུབ་པ་བྱས་ཐོག་གྲོང་རྡལ་གྱི་ཡུལ་མི་དང་ཚོང་དུད་རང་ཁྱིམ་དུ་སྤོ་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།