རང་ལྗོངས་ཀྱིས་ཡོམ་འགོག་གེགས་སེལ་གྱི་དངོས་ཟོག་བཀོད་སྒྲིག་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-29 09:39:37

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། ཟླ་4ཚེས་25ཉིན་ནས་ཚེས་27ཉིན་བར་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་གེགས་སེལ་དངོས་ཟོག་གྲབས་གསོག་ལྟེ་གནས་ཀྱིས་གེགས་ཁུལ་དུ་སྲིང་བལ་སྦྲ་གུར་5100དང་། གངས་ཤེལ་4000 སྲིང་བལ་གྱོན་གོས་1000 ཀམ་པ་ལི་2000 ཆར་གོས2000 ཆུ་ལྷམ་4000 ཡང་ལཱ་10000 ལྟེབས་ཁྲི་5000 ཉལ་ཁུག་2500བཅས་ཛ་དྲག་ངང་གཏོང་སྤྲོད་བྱས་པ་དེའི་ནང་གེགས་སེལ་དངོས་ཟོག་དབོར་འདྲེན་འཁོར་རིགས་119གཅིག་རྗེས་གཉིས་མཐུད་ངང་གཞིས་རྩེ་གྲོང་ཁྱེར་དུ་རྡོག་ཐོན་བྱས་ཟིན་པ་དང་། དངོས་ཟོག་ལྷག་མ་རྣམས་རྒྱུན་མཐུད་དེ་དབོར་འདྲེན་བྱེད་བཞིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།