ཏང་ཁྲིམས་སྲིད་ཁྲིམས་ནན་དུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྒྲུབ་དགོས་པའི་བླང་བྱ་བཏོན་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-29 09:38:30

ཟླ་4ཚེས་26ཉིན། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཐིང་གིས་ཛ་དྲག་གི་བརྡ་ཐོ་བཏང་སྟེ་སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཡོམ་འགོག་གེགས་སེལ་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ཏེ་གེགས་སེལ་དངོས་ཟོག་འཕྲལ་མ་ཉིད་དང་གྲངས་འབོར་ཚང་བའི་སྒོ་ནས་གེགས་ཁུལ་མང་ཚོགས་ལ་སྤྲོད་རྒྱུ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང་། རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཏང་ཨུད་ཀྱི་ཡོམ་འགོག་གེགས་སེལ་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཆབ་སྲིད་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་དགོས་པ་དང་། བཀོད་འདོམས་ལ་ཉན་པ་དང་བཀའ་དང་ལེན་ཞུས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཡོམ་འགོག་གེགས་སེལ་གྱི་འཐབ་ཕྱོགས་དང་པོའི་ལས་དོན་ནང་ཞུགས་རྒྱུ་སྐུལ་སློང་དང་སྒྲིག་འཛུགས་བྱས་ནས་ཡོམ་འགོག་གེགས་སེལ་དང་རྨས་མ་མྱུར་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱེད་པ། གེགས་ཁུལ་གྱི་སྤྱི་ཚོགས་སྒྲིག་ལམ་སྲུང་སྐྱོང་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

བརྡ་ཐོའི་ནང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ནང་གདོང་ལེན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་ཚད་མཐོའི་འགན་འཁུར་བའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཚང་མས་རོགས་རམ་བྱེད་པའི”སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་གེགས་ཁུལ་མང་ཚོགས་རྣམས་དཀའ་གནད་ལས་སྒྲོལ་རོགས་བྱེད་དགོས། གནོད་འཚེ་ཕོག་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚོས་བཀོད་འདོམས་ལ་ཉན་པ་དང་། སྒྲིག་ཁྲིམས་སྲུང་བ། གནོད་འཚེ་ཕོག་ཆེ་བའི་ཁུལ་དུ་སྐྱོད་པ་བཅས་བྱས་ཏེ་ཉེན་ཁར་མི་སྐྲག་པ་དང་དཀའ་ངལ་ལ་མི་འཛེམས་པར་མདུན་དུ་ཤོར་བ་དང་གནོད་འཚེ་ཕོག་ཁུལ་དུ་ལས་དོན་སྒྲུབ་སྟེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འཕྲལ་མར་གནོད་འཚེ་ཕོག་མཁན་གྱི་མང་ཚོགས་ཚོས་ཚོར་ཐུབ་པ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།

བརྡ་ཐོའི་ནང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཡོམ་འགོག་གེགས་སེལ་ནང་གི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་། ཡོམ་འགོག་གེགས་སེལ་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱས་ཚུལ་དང་ཏང་ཡོན་ལས་བྱེད་པའི་འགན་སྒྲུབ་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། བཀའ་ཡོད་བཞིན་དུ་ལག་བསྟར་མི་བྱེད་པ་དང་བཀག་ཀྱང་འགོག་མི་ཐུབ་པའི་བྱེད་སྤྱོད་མཐའ་གཅིག་ཏུ་ཡོ་བསྲང་བཅས་བྱས་ཏེ་གཡོ་ཟོལ་བྱེད་མཁན་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་མཁན། གཡས་ཁག་གཡོན་དཀྲི་བྱེད་མཁན། འགན་ཤོར་འགན་འཛོལ། ཉེན་ཁའི་སྐབས་སུ་ཕྱིར་བཤོལ་བྱེད་མཁན་བཅས་ཀྱི་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། ཡོམ་འགོག་གེགས་སེལ་གྱི་དངོས་ཟོག་ལྐོག་ཟ་དང་། ལྐོག་བགོས། བཀག་ཉར། སྒེར་སྤྱོད་བཅས་ཀྱི་བྱེད་སྤྱོད་ལ་ཐག་གཅོད་ནན་ལ་ལྕི་བ་བྱས་ཏེ་ཕན་འབྲས་ཆེ་བའི་གེགས་སེལ་དང་སྤྱོད་པ་གཙང་མས་གེགས་སེལ་བྱ་རྒྱུ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།