ཐད་འཕུར་གནམ་གྲུས“ཁེར་ཆགས་གླིང་ཕྲན”རི་ཟུར་ཟམ་པར་དངོས་ཟོག་དབོར་བ་དང་འབྲེལ་རྨས་མ་དང་མང་ཚོགས་21ལ་རོགས་སྐྱོབ་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-29 09:36:57

ཟླ་4ཚེས་27ཉིན་གྱི་ཆུ་ཚོད་15དང་སྐར་མ་10ཡོལ་ཙམ་ལ་བོད་དམག་ཁུལ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་དང་སྐམ་དམག་མཁའ་འགྲུལ་ལུའེ་ཞིག་གིས་ཐད་འཕུར་གནམ་གྲུ་ཁག་3སྒྲིག་འཛུགས་བྱས་ནས་གཞིས་རྩེའི་ཞི་བདེ་གནམ་ཐང་ནས་ཛ་དྲག་ངང་འཕུར་ཏེ་འགྲོ་ལམ་ཆད་པ་ལས་ཆགས་པའི“ཁེར་ཆགས་གླིང་ཕྲན”ལ་རོགས་སྐྱོབ་བྱས་པ་རེད། གནམ་གྲུ་ཆུ་ཚོད་2དང་སྐར་མ་45འཕུར་སྐྱོད་བྱས་པ་བརྒྱུད་ཐད་འཕུར་གནམ་གྲུ་གཅིག་བདེ་བླག་ངང“ཁེར་ཆགས་གླིང་ཕྲན”རི་ཟུར་ཟམ་པར་བབས་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཏུན་1ཟིན་པའི་བཟའ་བཅའ་དང་། སྨན་རྫས། འཐུང་ཆུ་སོགས་འཕྲལ་མཁོའི་དངོས་རྫས་བགོས་རྗེས་ནད་གཞི་ལྕི་བའི་རྨས་མ་6(དྲག་ཆས་ཉེན་རྟོག་གི་འཐབ་འཛིང་པ་1དང་། ཕྲུ་གུ་1 མང་ཚོགས་4)སྐྱིད་གྲོང་གྲོང་རྡལ་གྱི་ཐང་འཐབ་སྨན་ཁང་དུ་སྐྱོབ་བཅོས་བྱེད་པར་བསྐྱལ་བ་རེད། གཞན་ཡང་ཐད་འཕུར་གནམ་གྲུ་2ཀྱིས་ཏུན་2ཟིན་པའི་གེགས་སེལ་དངོས་རྫས་སྐྱིད་གྲོང་གྲོང་རྡལ་དུ་དབོར་བ་དང་། ཆུ་ཚོད་20དང་སྐར་མ་05ཡི་ཐོག་དེའི་ཁྲོད་ཀྱི་ཐད་འཕུར་གནམ་གྲུ་གཅིག་རི་ཟུར་ཟམ་པར་འཕུར་བ་དང་དཀའ་གནས་སུ་གྱར་བའི་མང་ཚོགས་15(ཕྲུ་གུ་6ཚུད་པ)དབོར་བ་དེ་དག་སྐྱིད་གྲོང་གྲོང་རྡལ་དུ་བཀོད་སྒྲིག་བྱས་པ་རེད།

གཞན་ཡང་བོད་དམག་ཁུལ་ཁང་མཐའ་སྲུང་གི་ཐོན་ཞིག་གི་མི་16ལས་གྲུབ་པའི་ཡན་ལག་རུ་ཆུང་གིས་ཆུ་ཚོད་18དང་སྐར་མ་30ཡི་ཐོག་རྐང་ཐང་མར་བསྐྱོད་དེ་རི་ཟུར་ཟམ་པར་འབྱོར་ནས་རོགས་སྐྱོབ་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།