བོད་རང་སྐྱོང་ལྗོངས་ཀྱིས་ཡོམ་འགོག་གེགས་སེལ་ལ་ཞལ་འདེབས་འབུལ་ས་བཙུགས་པ།

| 2015-04-28 15:04:20

ཟླ་4ཚེས་25ཉིན་གྱི་ཆུ་ཚོད་14དང་སྐར་མ་11ཐོག་ནེ་པ་ལར(བྱང་གི་འཕྲེད་ཐིག་ཏུའུ་28.2དང་ཤར་གྱི་གཞུང་ཐིག་ཏུའུ་ 84.7)ས་ཡོམ་རིམ་པ་8.1བརྒྱབ་པ་དང་ས་ཡོམ་དེས་བོད་རང་སྐྱོང་ལྗོངས་ཀྱི་གཞིས་རྩེ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་སོགས་ལ་ཤུགས་རྐྱེན་ཐེབས་ཤིང་། དེའི་ནང་གཉའ་ལམ་དང་། སྐྱིད་གྲོང་། དིང་རི། ས་དགའ། འབྲོང་པ། གྲོ་མོ། ལྷ་རྩེ། སྤུ་ཧྲེང་བཅས་རྫོང་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད། ས་ཡོམ་བརྒྱབ་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཚོགས་ལས་རིགས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་རོགས་སྐྱོར་བྱས་ཏེ་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་པས་དོན་དེར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་་དང་དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བོད་ཀྱི་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་མཐོ་གྲང་གསོ་རླུང་དཀོན་པ་དང་། ས་བབ་རྙོག་འཛིང་ཆེ་བ། ལམ་འགག་པ། གནམ་གཤིས་འགྱུར་ལྡོག་ཆེ་བ་བཅས་ཡོད་པའི་ཁར་ཡོམ་འཕྲོ་སྐབས་འགར་ཐོན་གྱི་ཡོད་པས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་དང་ཚང་མའི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་ཆེད། ལས་རིགས་ཁག་གི་གཅེས་སེམས་མི་སྣ་དང་དང་བླངས་པ་ཚོས་རང་དགར་གེགས་ཁུལ་དུ་སྐྱོད་ནས་བྱེད་སྒོ་ལ་སོགས་པ་མི་སྤེལ་རྒྱུའི་བླང་བྱ་འདོན་རྒྱུ་ཡིན། གེགས་ཁུལ་གྱི་ཡོམ་འགོག་གེགས་སེལ་ལས་དོན་ནུས་ལྡན་ངང་སྤེལ་རྒྱུར་འགན་ལེན་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས་ཡོམ་འགོག་གེགས་སེལ་ཆེད་སྤྱོད་ཀྱི་ཞལ་འདེབས་འབུལ་ས་བཙུགས་ནས་སྤྱི་ཚོགས་ལས་རིགས་ཁག་གིས་གེགས་ཁུལ་ལ་ཕུལ་བའི་ཞལ་འདེབས་དང་ལེན་བྱ་རྒྱུ་དང་མ་དངུལ་དང་དངོས་ཟོག་གཅིག་གྱུར་གཏོང་འདྲེན་དང་སྤྱོད་རྒྱུ་མ་ཟད། འབྲེལ་ཡོད་གཏན་འབེབས་ལ་ནན་པོར་གཞིགས་ནས་དུས་བཀག་ནང་གཏོང་ཡོང་གི་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ་རང་འགུལ་ངང་ལྟ་ཞིབ་དང་རྩིས་བཤེར་སྡེ་ཚན། སྤྱི་ཚོགས་བཅས་ཀྱི་ལྟ་སྐུལ་དང་ལེན་ཐུབ་པ་བྱ་རྒྱུ་ཡིན།

གཅིག རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཞལ་འདེབས་དང་ལེན་གཞུང་དོན་ཁང་། (དམངས་སྲིད་ཐིང་གཞུང་དོན་ཁང་103)

འབྲེལ་གཏུག་མི་སྣ་དང་ཁ་པར། དབྱང་ཞའོ་རུང་། 0891—6836009.13989012505

རྩིས་ཐོའི་མིང་། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ཞལ་འདེབས་རྩིས་ཐོ།

དངུལ་བསྐུར་སའི་དངུལ་ཁང་། ཀྲུང་གོ་དངུལ་ཁང་ལྷ་ས་པེ་ཅིང་དཀྱིལ་ལམ་ཉིང་ལག་དངུལ་ཁང་།

རྩིས་ཁྲའི་ཨང་གྲངས། 138801704508

གཉིས། རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པ།

འབྲེལ་གཏུག་མི་སྣ་དང་ཁ་པར་ཨང་གྲངས། ཡེ་ཤེས་ཚེ་རིང་། 13989912799 6860096

ཚེ་དབྱང་། 13989992573 6862530

རྩིས་ཐོའི་མིང་། བོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པ།

དངུལ་བསྐུར་སའི་དངུལ་ཁང་། བོད་ལྗོངས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི།

རྩིས་ཁྲའི་ཨང་གྲངས། 30000001018010723183

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།