གཉའ་ལམ་རྫོང་གྲོང་དུ་སྐྱོད་སའི“ཚེ་སྲོག་ལམ་བུ”གཞི་རྩའི་ཆ་ནས་ཤར་གཏོང་ཐུབ་པ།

| 2015-04-28 10:11:42

ཚེས་26ཉིན་གྱི་དགོང་མོའི་ཆུ་ཚོད་9དང་ཕྱེད་ཀར་ཕྱོགས་མང་པོས་འབད་བརྩོན་བྱས་པ་བརྒྱུད་གཉའ་ལམ་རྫོང་གྲོང་དུ་སྐྱོད་སའི་སྐྱེལ་འདྲེན“ཚེ་སྲོག་ལམ་བུ”གཞི་རྩའི་ཆ་ནས་ཤར་གཏོང་ཐུབ་ཡོད་པ་རེད།

ས་ཡོམ་བརྒྱབ་རྗེས་གཉའ་ལམ་རྫོང་དུ་སྐྱོད་སའི་ལམ་འབའ་ཅིག་སྟེ། རྒྱལ་ལམ་318ནས་རྫོང་གྲོང་བར་གྱི་སྤྱི་ལེ་8ཀྱི་སར་རི་ཉིལ་ཁུལ་ཅུང་ཆེ་ཙམ་གཉིས་ཡོད་ཅིང་། ཕྱོགས་གཅིག་ལ་རི་སྨི་རྒྱ་དཔངས་གྲུ་བཞི་མ་300ལྷག་ཙམ་ཉིལ་བ་དང་ཕྱོགས་གཞན་ཞིག་ལ་རི་སྨི་རྒྱ་དཔངས་གྲུ་བཞི་མ་2500ལྷག་ཙམ་ཉིལ་ཡོད་པས། འབར་གཏོར་ཐེངས་བཞི་བྱས་པ་བརྒྱུད་རོགས་སྐྱོབ་ལ་འགོག་རྐྱེན་བཟོ་བའི“འཇུར་མིག”གཞི་རྩའི་ཆ་ནས་མེད་པ་བཟོས་ཏེ་རོགས་སྐྱོབ་དངོས་ཟོག་སྣ་ཚོགས་རྒྱུན་ཆད་མེད་པར་རྫོང་གྲོང་དུ་དབོར་འགོ་ཚུགས་པ་རེད།

མིག་སྔའི་བར་རྫོང་ཡོངས་ཀྱི་བཀོད་སྒྲིག་ས་ཚིགས་77ལ་མང་ཚོགས་13907བཀོད་སྒྲིག་བྱས་ཏེ། དམངས་སྲིད་སོགས་སྡེ་ཚན་གྱིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་གེགས་སེལ་དངོས་ཟོག་དང་འཚོ་བའི་མཁོ་ཆས་སྤྲད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།