སྐྱིད་གྲོང་རྫོང་གི་ས་ཡོམ་གེགས་ཁུལ་གྱི་མཐོང་ཐོས།

| 2015-04-28 10:11:05

ཟླ་4ཚེས་25ཉིན་གྱི་ཆུ་ཚོད་14དང་སྐར་མ་11ཐོག་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་པ་དང་། ས་ཡོམ་ཀྱིས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཤང་གྲོང་4ལ་ཤུགས་རྐྱེན་ཕོག་ཡོད་པ་རེད།

ས་ཡོམ་བརྒྱབ་རྗེས་སྐྱིད་གྲོང་རྫོང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཛུབ་སྟོན་དགོངས་པ་གལ་ཆེན་གཞིར་བཟུང་འཕྲལ་དུ་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་མང་ཚོགས་བདེ་འཇགས་ངང་གནས་སྤོ་སོགས་ཀྱི་ལས་དོན་སྤེལ་བ་དང་། མིག་སྔར་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མར་བཀོད་སྒྲིག་འོས་འཚམ་བྱུང་བ་དང་གེགས་སེལ་དངོས་ཟོག་གོ་རིམ་ལྡན་པའི་སྒོ་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལག་ཏུ་སྤྲད་པ་དང་ས་ཡོམ་གེགས་ཁུལ་གྱི་སྒྲིག་ལམ་གོ་རིམ་ལྡན་པ་ཞིག་ཡོད།

རོགས་སྐྱོབ་དཔུང་ཁག་ནུས་ཤུགས་ཡོད་རྒུས་གེགས་ཁུལ་དུ་སྐྱོད་པ།

ཟླ་4ཚེས་26ཉིན་གྱི་ཐོ་རེངས་ཆུ་ཚོད་3པར་གསར་འགོད་པ་དང་བཅས་པ་སྐྱིད་གྲོང་རྫོང་གི་གེགས་ཁུལ་དུ་སྐྱོད་པ་དང་། གུང་ཐང་ལ་བརྒྱུད་སྐབས་གཞིས་རྩེའི་མེ་ཟོན་ཉིང་ལག་རུ་ཁག་གི་རོགས་སྐྱོབ་རླངས་འཁོར་རུ་ཁག་གེགས་ཁུལ་དུ་སྐྱོད་བཞིན་པ་དང་འཕྲད།

གངས་ཆེན་པོ་འབབ་ཀྱི་ཡོད་རུང་རོགས་སྐྱོབ་རླངས་འཁོར་རུ་ཁག་སྔར་བཞིན་གངས་འཁྱག་གིས་ཁེངས་པའི་ལམ་ངོས་ཐོག་དལ་བུར་སྐྱོད་བཞིན་འདུག “གནོད་འཚེའི་གནས་ཚུལ་ནི་བཀའ་རྒྱ་ཡིན་པ་དང་རོགས་སྐྱོབ་བྱ་རྒྱུར་ནར་འགྱངས་སྤུ་ཙམ་ཡང་བྱེད་མི་རུང”ཞེས་གཞིས་རྩེའི་མེ་ཟོན་ཉིང་ལག་རུ་ཁག་གི་མེ་སྐྱོན་སྔོན་འགོག་ཁྲུའི་ཁྲུའུ་ཀྲང་སྟོབས་ལགས་ཀྱིས་གསར་འགོད་པར་བཤད་པ་དང་ཁོང་གིས་ས་ཡོམ་བརྒྱབ་རྗེས་ང་ཚོ་མི་30འཕྲལ་མ་ཉིད་དུ་ཡོང་བ་དང་། ལྷགས་པ་ཆེ་བ་དང་གངས་ཆེན་པོ་བབས་པར་བརྟེན་ང་ཚོས་རླངས་འཁོར་བསྡད་ནས་ཆུ་ཚོད་10ལྷག་ཙམ་སོང་ནའང་སྐྱིད་གྲོང་རྫོང་བར་ད་དུང་སྤྱི་ལེ་30ལྷག་ཙམ་འདུག ང་ཚོ་ནི་སྔོན་སྐྱོད་རུ་ཁག་ཡིན་པ་དང་རྗེས་སུ་ད་དུང་དཔུང་སྡེ་གཞན་ཡང་ཡོང་བཞིན་ཡོད་ཅེས་བཤད།

ཐོ་རེངས་ཆུ་ཚོད་3པའི་གཡས་གཡོན་ལ་སྐྱིད་གྲོང་གྲོང་རྡལ་ས་ཡོམ་གེགས་ཁུལ་དུ་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དང་བོད་ལུགས་སྨན་ཁང་གི་རོགས་སྐྱོབ་ཡན་ལག་རུ་ཁག་ཆུང་བ་འབྱོར་ཟིན་པ་དང་། གསར་འགོད་པར་རོགས་སྐྱོབ་རུ་མི་དེ་དག་འཕྲད་སྐབས་ཁོང་ཚོས་རྒྱུན་མཐུད་ནས་ལས་ཀ་ཆུ་ཚོད་10ལྷག་ཙམ་བྱས་འདུག གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་པ་མོ་ཞའོ་ལེན་གྱིས་ནད་གཞི་ལྕི་བའི་ནད་པ་གཉིས་སྨན་ཁང་གཞན་དུ་བཏང་བ་དང་། ནད་གཞི་ཡང་བའི་ནད་པ་128ལ་སྨན་བཅོས་བྱས་ཟིན་ཞེས་ངོ་སྤྲོད་བྱས་ནས་བཤད་བྱུང་།

མེ་ཟོན་དང་། འཕྲོད་བསྟེན། དམངས་སྲིད་སོགས་རོགས་སྐྱོབ་རུ་ཁག་རེ་རེ་བཞིན་དུས་ཚོད་མགྱོགས་ཤོས་ནང་གེགས་ཁུལ་དུ་འབྱོར།

“གུས་བཀུར་ཞུ་འོས་པའི་རོགས་སྐྱོབ་དཔུང་ཁག་དེ་དག་ཡོད་པ་ལས་ང་ཚོའི་གེགས་ཁུལ་མང་ཚོགས་ཚོས་དུས་ཚོད་མགྱོགས་ཤོས་ནང་ཏང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱུང་བ་དང་གེགས་འགོག་གེགས་སེལ་བྱེད་ཐུབ་པའི་གདེང་ཚོད་བྱུང”ཞེས་དང་ཚེས་26ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4པ་བར་རོགས་སྐྱོབ་བྱེད་པར་ཡོང་མཁན་ཏང་སྲིད་དམག་ཉེན་གྱི་མི་གྲངས་500ལས་བརྒལ་ཡོད་ཅེས་གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སྐྱིད་གྲོང་རྫོང་རྫོང་ཨུད་ཀྱི་ཧྲུའུ་ཅི་བག་གྲོས་ངོ་སྤྲོད་བྱས་ནས་བཤད་བྱུང་།

ནུས་ཤུགས་ཡོད་རྒུས་རྨང་གཞིའི་སྒྲིག་བཀོད་འགན་ལེན་བྱེད་པ།

ནེ་པ་ལའི་ས་ཡོམ་གྱི་གནོད་འཚེས་སྐྱིད་གྲོང་གཞུང་ལམ་G216དུམ་བུའི་སྐྱིད་གྲོང་རྫོང་གྲོང་ནས་སྐྱིད་གྲོང་གྲོང་རྡལ་བར་གྱི་གནས་3ལ་རི་ཉིལ་ནས་འགྲིམ་འགྲུལ་ཆད་དེ་འཕྲལ་དུ་རོགས་སྐྱོབ་བྱེད་མ་ཐུབ་པར་གྱུར།

གཞུང་ལམ་འགྲིམ་འགྲུལ་སྡེ་ཚན་ལ་བཀའ་རྒྱ་འབྱོར་རྗེས་འཕྲལ་དུ་བྱ་སྤྱོད་སྤེལ་ནས་དུས་ཚོད་མགྱོགས་ཤོས་ནང་ཉེན་སྐྱོབ་དང་ཤར་གཏོང་འགན་ལེན་གྱི་ལས་དོན་སྒྲིག་འཛུགས་བྱས་པ་རེད། ཆུ་ཚོད་10ལྷག་ཙམ་གྱི་ལས་ཀ་བྱས་པ་བརྒྱུད་ཚེས་26ཉིན་གྱི་ཐོ་རེངས་སུ་གཞི་ནས་གཞུང་ལམ་ཤར་བགྲོད་ཐུབ་པ་རེད།

ཚེས་26ཉིན་གྱི་སྔ་པོ་ནས་གཞིས་རྩེའི་སྒུལ་བདེ་ཀུང་སིའི་འཕྲིན་གཏོང་མྱུར་བཟོའི་མི་སྣ་ལིའུ་ཀྲང་ཡུང་གིས་གངས་ཁྲོད་དུ་བྲེལ་འཚུབ་ངང་འཕྲིན་གཏོང་མྱུར་བཟོ་བྱེད་འགོ་བཙུགས་ཟིན་ནས“ང་ཚོས་ནུས་ཤུགས་ཡོད་རྒུས་ལས་དོན་བསྒྲུབས་ནས་ཉིན་དེ་རང་ལ་གེགས་ཁུལ་གྱི་འཕྲིན་གཏོང་ཤར་གཏོང་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན”ཞེས་བཤད

གེགས་ཁུལ་དུ་སྐྱོད་སྐབས་གསར་འགོད་པས་གཞུང་ལམ་འགྲིམ་འགྲུལ་སྡེ་ཚན་དང་འཕྲིན་གཏོང་དང་གློག་ཤུགས་སོགས་སྡེ་ཚན་གང་ཞིག་ཡིན་ཡང་ཚང་མས་དུས་ཚོད་མགྱོགས་ཤོས་ནང་གེགས་ཁུལ་དུ་བསྐྱོད་ནས་གེགས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འགན་ལེན་བྱས་ཏེ་གེགས་ཁུལ་མང་ཚོགས་ཀྱི་འཚོ་བར་ཆ་རྐྱེན་བཟང་པོ་ཞིག་བསྐྲུན་པ་རེད།

གེགས་ཁུལ་མང་ཚོགས་ཀྱི་བློ་རྩ་བརྟན་པ།

གསར་འགོད་པ་སྐྱིད་གྲོང་གྲོང་རྡལ་འགྱེས་ཕུག་གྲོང་ཚོའི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་སླེབས་སྐབས་གྲོང་མི་ཚོས“གཉིས་ལྡན་དུད་སྦྲེལ”སོགས་ཚན་པར་བྱས་ཏེ་གུར་ནང་སྡོད་པ་དང་བཀོད་སྒྲིག་བྱ་ཡུལ་དུ་སྒྲིག་ལམ་གོ་རིམ་ལྡན་པ་ཞིག་འདུག།

གྲོང་རྡལ་གྱི་ཚོང་དུད་སྐུ་ཞབས་ལི་ལགས་ཀྱིས་གསར་འགོད་པར་སྐྱིད་གྲོང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་གཅིག་གྱུར་སྒྲིག་འཛུགས་འོག་གེགས་ཁུལ་དུ་ཟང་ཟིང་གང་ཡང་མེད་པ་དང་སྒྲིག་ལམ་ཡག་པོ་འདུག་ཅེས་བཤད།

“བཀོད་སྒྲིག་བྱ་ཡུལ་དེར་མང་ཚོགས་1000ལྷག་ཙམ་ཡོད་པ་དང་གུར་70ཕུབ་ཡོད”ཅེས་སྐྱིད་གྲོང་རྫོང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དོན་གྲུབ་ཀྱིས་ས་ཡོམ་བརྒྱབ་རྗེས་སྐྱིད་གྲོང་རྫོང་གིས་དུས་ཚོད་མགྱོགས་ཤོས་ནང་མང་ཚོགས་བདེ་འཇགས་ལྡན་སར་བཀོད་སྒྲིག་བྱས་ནས་ཡུལ་སྐོར་བ་དང་། ཚོང་དུད། ས་གནས་དེ་གའི་མི་སྣ་བཅས་གཅིག་གྱུར་ཐོག་བཀོད་སྒྲིག་བྱས་ནས་གེགས་ཁུལ་མང་ཚོགས་ལ་ཟས་གོས་སྡོད་གསུམ་འགན་ལེན་བྱས་ཡོང་ཅེས་ངོ་སྤྱོད་བྱས་ནས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།