བོད་དམག་ཁུལ་ཁང་གི་དཔོན་དམག་སྟོང་ཕྲག་གིས་ཉིན་མཚན་བལྟོས་མེད་ངང་གེགས་ཁུལ་དུ་རོགས་སྐྱོབ་བྱེད་པར་བསྐྱོད་པ།

| 2015-04-28 10:09:08

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་ནས་བོད་དང་ནེ་པ་ལའི་འབྲེལ་མཚམས་ས་ཁུལ་ལ་ཤུགས་རྐྱེན་ཐེབས་ཡོད། གཞིས་རྩེའི་འགྲམ་གྲོང་རྡལ་སོགས་ས་ཁུལ་དུ་ཁང་པ་མང་པོ་རྡིབས་པ་དང་རི་ཉིལ་ནས་མི་ཕྱུགས་མང་པོ་ཤི་རྨས་བྱུང་ཡོད། བོད་དམག་ཁུལ་ཁང་གི་དཔོན་དམག་སྟོང་ཕྲག་གིས་བཀའ་ལྟར་ཉིན་མཚན་བལྟོས་མེད་ངང་གཞིས་རྩེའི་གེགས་ཁུལ་དུ་རོགས་སྐྱོབ་བྱེད་པར་བསྐྱོད་པ་དང་། ཚེས་25ཉིན་གྱི་ཆུ་ཚོད་22ཙམ་བར་རྨས་མ་100ལྷག་ཙམ་མྱུར་སྐྱོབ་བྱས་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་2500ལྷག་ཙམ་བཀོད་སྒྲིག་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།