དམངས་སྲིད་པུས་བོད་ཀྱི་ས་ཡོམ་གནོད་འཚེ་ཕོག་ཁུལ་ལ་གེགས་སེལ་དངོས་རྫས་འཕྲལ་དུ་མཁོ་འདོན་བྱས་པ།

| 2015-04-28 10:08:39

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་དམངས་སྲིད་པུས་དྲ་ཚུགས་ཐོག་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་ནས་རང་རྒྱལ་གྱི་བོད་རང་སྐྱོང་ལྗོངས་ལའང་གནོད་སྐྱོན་ཕོག་ཡོད། དམངས་སྲིད་པུས་ལྷ་ས་དང་། ཟི་ལིང་། གོར་མོ། ཝུའུ་ཧན་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་རྫས་གྲབས་གསོག་མཛོད་ནས་འཕྲལ་དུ་གུར་5000དང་། སྲིང་བལ་སྟོད་གོས་ཁྲི་3 སྲིང་བལ་ཉལ་ཆས་ཁྲི་3 ལྟེབས་ཁྲི་ཁྲི་1.5 ཉལ་ཁུག་ཁྲི་1.5སོགས་ཀྲུང་དབྱང་གི་གེགས་སེལ་གྲབས་གསོག་དངོས་རྫས་མཁོ་འདོན་བྱས་ཏེ་གེགས་ཁུལ་ལ་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྐབས་བཀོད་སྒྲིག་གི་ལས་དོན་ཡག་པོ་བསྒྲུབ་རོགས་བྱས་ཡོད་ཅེས་བཤད་པ་རེད། རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་པ་གསུམ་གྱིས་གུར་ཁྲི་2.1དང་། སྲིང་བལ་སྨད་གོས་ཁྲི་2.3 བཟའ་བཅའ། སྨན་རྫས། འཐུང་ཆུ་སོགས་ཀྱི་གེགས་སེལ་དངོས་རྫས་འཕྲལ་དུ་སྐོང་འདྲེན་བྱས་ནས་སྤྲད་ཡོད།

བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཚེས་26ཉིན་གྱི་ཆུ་ཚོད་9དང་སྐར་མ་30ཡི་སྙན་ཞུར་གཞིགས་ན། ས་ཡོམ་ནང་མི་17རྐྱེན་ལམ་དུ་ཤོར་བ་དང་། མི་4གར་སོང་ཆ་མེད་དུ་གྱུར་པ། མི་55ལ་རྨས་སྐྱོན་ཕོག་པ། སྡོད་ཁང་1191དང་དགོན་པ་1རྡིབ་པ། སྡོད་ཁང་5828དང་དགོན་པ་54ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་པ། འཕྲིན་གཏོང་སྦྲེལ་ཚུགས་58ལ་གཏོར་སྐྱོན་ཕོག་པ། མི་ཁྲི་20ལྷག་ཙམ་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད། གཞིས་རྩེ་ནས་གཉའ་ལམ་རྫོང་གྲོང་བར་དང་གཉའ་ལམ་རྫོང་ནས་འགྲམ་འགག་སྒོ་བར་གྱི་འགྲོ་ལམ་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ནས་ས་ཆ་མང་པོར་འདམ་རྡོའི་ཆུ་རུད་དང་རི་ཉིལ་བའི་རང་བྱུང་གནོད་འཚེ་ཐོན་ནས་འགྲིམ་འགྲུལ་འགག་པ་དང་། སྐྱིད་གྲོང་རྫོང་ཡོངས་ལ་གློག་ཆད་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།