རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བོད་ལྗོངས་ཀྱི་ས་ཡོམ་གེགས་བར་གྱི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་སྒོར་ཁྲི་3000འཕྲལ་མར་སྤྲད་པ།

| 2015-04-28 10:08:20

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་རྫོང་དུ་ནེ་པ་ལའི་ས་ཡོམ་རིམ་པ་8.1ལས་གནོད་འཚེ་བྱུང་བར་འཕྲལ་སྡོམ་སླར་གསོ་འཛུགས་སྐྲུན་བྱེད་པའི་ལས་དོན་ལ་རྒྱབ་སྐྱོར་བྱ་ཆེད་ཟླ་4ཚེས་26ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བོད་རང་ལྗོངས་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་འཕྲལ་སྡོམ་གསབ་རོགས་མ་འཇོག་སྒོར་ཁྲི་3000འཕྲལ་མར་སྤྲད་པ་དང་། དེ་གེགས་ཁུལ་གྱི་སྤྱི་ཕན་རང་བཞིན་གྱི་སྒྲིག་བཀོད་དང་རྨང་གཞིའི་སྒྲིག་བཀོད་ཀྱི་འཕྲལ་སྡོམ་སླར་གསོའི་འཛུགས་སྐྲུན་ཐད་སྤྱོད་རྒྱུ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།