ནེ་པ་ལའི་ས་ཡོམ་རིམ་པ་8.1ལས་རང་ལྗོངས་ཀྱི་གཞིས་རྩེ་དང་མངའ་རིས་སོགས་ས་ཁུལ་ཁག་གཅིག་ཏུ་ཤུགས་རྐྱེན་ཐེབས་པ།

| 2015-04-27 11:40:06

ཟླ་4 ཚེས་25ཉིན་གྱི་ཆུ་ཚོད་14དང་སྐར་མ་11ཐོག་ནེ་པ་ལར(བྱང་གི་འཕྲེད་ཐིག་ཏུའུ་28.2དང་ཤར་གྱི་གཞུང་ཐིག་ཏུའུ་84.7)ས་ཡོམ་རིམ་པ་8.1 བརྒྱབ་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི་20རེད། ཡོམ་ལྟེ་དེ་རང་ལྗོངས་ཀྱི་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་མཐའ་མཚམས་དང་བར་ཐག་སྤྱི་ལེ་43དང་གཉའ་ནང་རྫོང་མཐའ་མཚམས་དང་བར་ཐག་སྤྱི་ལེ་42ཡོད། དེའི་རྐྱེན་གྱིས་གཞིས་རྩེ་གྲོང་ཁྱེར་གྱིས་ཆ་མང་ཆེ་བར་ཡོམ་ཚོར་དྲག་པོ་བྱུང་བ་དང་གཞིས་རྩེ་དང་། མངའ་རིས། ལྷོ་ཁ། ལྷ་ས་སོགས་ས་ཁུལ་དང་གྲོང་ཁྱེར་དུ་ཁྱབ་པ་དང་ལྷ་སར་ཡོམ་ཚོར་མངོན་གསལ་དོད་པོ་བྱུང་བ་རེད། གོང་ཚེས་ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཉིས་བར་རིམ་པ་3ཡན་གྱི་ཡོམ་འཕྲོ་ཐེངས་བཅུ་བརྒྱབ་པ་དང་ས་ཡོམ་རིམ་པ་མཐོ་ཤོས་7དུ་སླེབས་པ་དེའི་ནང་གཉའ་ནང་དང་། སྐྱིད་གྲོང་། དིང་རི། ས་དགའ། འབྲོང་པ། གྲོ་མོ། ལྷ་རྩེ། སྤུ་ཧྲེང་སོགས་རྫོང་དུ་གནོད་འཚེ་ཚབས་ཆེན་ཕོག་ནས་མིག་སྔར་མི་17ཤི་བ་དང་། མི་4གར་སོང་ཆ་མེད་དུ་གྱུར་པ། མི་55རྨས་པ། ཁང་པ་1191དང་དགོན་སྡེ་1རྡིབ་པ། ཁང་པ་5828དང་དགོན་སྡེ་54ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་པ། འཕྲིན་གཏོང་རྟེན་གཞི་58ལ་སྐྱོན་ཤོར་བ། མི་ཁྲི་20ལྷག་ཙམ་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་པ་བཅས་རེད། གཞིས་རྩེ་ནས་གཉའ་ནང་རྫོང་གྲོང་དུ་བསྐྱོད་ས་དང་གཉའ་ནང་རྫོང་གྲོང་ནས་འགྲམ་འགག་སྒོར་བསྐྱོད་སའི་འགྲོ་ལམ་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་འབྲེལ་ས་ཆ་མང་པོར་འདམ་རྡོའི་ཆུ་རུད་ཐོན་པ་དང་། རི་ཉིལ་ནས་འགྲིམ་འགྲུལ་ཆད་ཁར་སྐྱིད་གྲོང་རྫོང་གི་གློག་རྦད་དེ་ཆད་པ་རེད།

ས་ཡོམ་བརྒྱབ་རྗེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་འཕྲལ་མ་ཉིད་དུ་བཀོད་སྒྲིག་གནང་སྟེ་འཕྲལ་མར་མི་སྣ་ཁ་འགྲེམས་བྱེད་པ་དང་དུས་ཚོད་དམ་འཛིན་གྱིས་གནོད་འཚེའི་གནས་ཚུལ་ཤེས་རྟོགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་དང་རྨས་མ་སྐྱོབ་བཅོས་ལས་དོན་ཡག་པོ་སྒྲུབ་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ཏེ་གནོད་འཚེ་ཕོག་ཁུལ་གྱི་སྤྱི་ཚོགས་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཞོར་ཐོན་གནོད་འཚེ་ཐོན་རྒྱུར་དོགས་ཟོན་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། རང་སྐྱོང་ལྗོངས་ཀྱིས་འཕྲལ་མར་ཡོམ་འགོག་གེགས་སེལ་ལས་དོན་གྱི་བཀོད་འདོམས་པུའུ་བཙུགས་པ་དང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ་དང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་དང་ས་ཡོམ་དང་། དམངས་སྲིད། འཕྲོད་བསྟེན། འགྲིམ་འགྲུལ། འཕྲིན་གཏོང་། དྲག་ཆས་ཉེན་རྟོག མེ་ཟོན་སོགས་འབྲེལ་ཡོད་ཚན་པའི་སྣེ་ཁྲིད་དེ་མགྱྱོགས་མྱུར་གེགས་ཁུལ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་གནོད་འཚེའི་གནས་ཚུལ་ཤེས་རྟོགས་དང་ཡོམ་འགོག་གེགས་སེལ་སྒྲིག་འཛུགས་བྱེད་པ་དང་སྐྱིད་གྲོང་དང་། གཉའ་ནང་། ས་དགའ། དིང་རི་སོགས་རྫོང་གི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ནུས་ཤུགས་ཡོད་རྒུས་གེགས་སེལ་བྱེད་པ་དང་ཆབས་ཅིག་ས་ཡོམ་གྱི་འཕྲལ་སྡོམ་སྔོན་ཇུས་Ⅱརིམ་པ་ལག་བསྟར་བྱས་པ་དང་། གནོད་འཚེ་ཕོག་པའི་མི་སྣ་གནས་སྤོ་ཁ་འགྲེམས་སྒྲིག་འཛུགས་བྱེད་པ། གཞུང་ལམ་དང་འཕྲིན་གཏོང་མྱུར་བཟོ་བྱེད་པ། གུར་དང་། གྱོན་གོས་མལ་ཆས། བཟའ་བཅའ། སྨན་རྫས། འཐུང་ཆུ་སོགས་གེགས་སེལ་དངོས་རྫས་གྲ་སྒྲིག་དང་འགུག་འདྲེན་བྱེད་བཞིན་ཡོད་པ་རེད།

མིག་སྔར་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལྷིང་འཇགས་པོ་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་དང་སྒྲིག་ལམ་ལྡན་པ་ཞིག་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།