ནེ་པ་ལའི་ས་ཡོམ་གྱིས་ལྷ་གཞིས་ལྕགས་ལམ་ལ་གནོད་འཚེ་བྱུང་མེད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-27 11:25:04

166363_yis_1430024241434.jpg

འདི་ནི་ཟླ་4ཚེས་25ཉིན་མེ་འཁོར་ཞིག་གཞིས་རྩེ་དང་བར་ཐག་སྤྱི་ལེ་70ཡོད་པའི་ལྷ་གཞིས་ལྕགས་ལམ་ཐོག་སྐྱོད་བཞིན་ཡོད་པ།

ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་རྗེས་མཚོ་བོད་ལྕགས་ལམ་ཀུང་སིས་མགྱོགས་མྱུར་འཕྲལ་སྡོམ་སྔོན་ཇུས་བཟོས་ནས་ཛ་དྲག་གི་བྱ་ཐབས་སྤྱད་དེ་ལྕགས་ལམ་ཐོག་བསྐྱོད་མཚམས་སུ་དབོར་འདྲེན་བྱེད་བཞིན་པའི་Z8802འགྲུལ་སྐྱེལ་མེ་འཁོར་སྐབས་འཕྲལ་སྐྱོད་མཚམས་བཞག་སྟེ་སྐུད་ལམ་དང་། གློག་འདོན། བརྡ་རྟགས་སོགས་ཀྱི་ཆེད་ལས་མི་སྣས་དུས་ཐོག་ཏུ་སྐུད་ལམ་དང་སྒྲིག་ཆས་ལ་ཞིབ་བཤེར་བྱས་པ་རེད། མེ་འཁོར་བདེ་འཇགས་ཡིན་པ་གཏན་འཁེལ་རྗེས་Z8802འགྲུལ་སྐྱེལ་མེ་འཁོར་སླར་ཡང་གཏོང་འགོ་ཚུགས་པ་མ་ཟད། ས་གནས་ཀྱི་དུས་ཚོད་ཆུ་ཚོད་21དང་སྐར་མ་47ཐོག་ལྷ་ས་མེ་འཁོར་བབས་ཚུགས་སུ་བདེ་བླག་ངང་འབྱོར་ཞིང་། མེ་འཁོར་དེ་ཆུ་ཚོད་1དང་སྐར་མ་19ཡིས་ཕྱི་བར་འབྱོར་བ་དང་། འགྲུལ་པ་དང་། མེ་འཁོར། བབས་ཚུགས་བཅས་ཚང་མར་གནོད་འཚེ་གང་ཡང་བྱུང་མེད་པ་རེད།

ས་ཡོམ་བརྒྱབ་རྗེས་ལྕགས་ལམ་སྡེ་ཚན་གྱིས་དུས་ཐོག་ཏུ་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་རང་འགུལ་ངང་ཤུགས་སྣོན་བརྒྱབ་ནས་འགྲུལ་པ་བབས་ཚུགས་སུ་འབྱོར་རྗེས་སྟབས་བདེ་ཡོང་བ་བྱས་ཡོད། དེ་དང་ཕྱོགས་མཚུངས་ཡོམ་འཕྲོར་དོ་སྣང་ཆེན་པོ་བྱ་ཆེད། ཆུ་ཚོད་24རིང་སྡོད་བྱ་བཟོས་ཏེ་སྐུད་ལམ་ཞིབ་བཤེར་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་འཕྲལ་སྡོམ་ཉེན་སེལ་གྱི་གྲ་སྒྲིག་གང་ལེགས་བྱས་ནས་བབས་རྗེས་གཞན་དུ་འགྲོ་སྐྱོད་ཐུབ་པའི་འགན་ལེན་བྱས་པ་རེད། ས་གནས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་དངོས་རྫས་སྐྱེལ་འདྲེན་གྱི་གེགས་མེད་ལམ་བུ་ཤར་བགྲོད་ཐུབ་པ་བྱས་ནས་གེགས་སྐྱོབ་དངོས་རྫས་དུས་ཐོག་ཏུ་དབོར་ཐུབ་པ་བྱས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།