ལྷོ་ཁའི་མི་ཁྲི་1.7ལྷག་གིས“དབུལ་ ཕོངས་ཞྭ་མོ”ཕུད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-27 11:22:54

2014ལོར་ལྷོ་ཁ་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་དབུལ་སྐྱོར་གསར་སྤེལ་ལས་དོན་དེ་གལ་ཆེན་ནང་གི་འགངས་ཆེར་བརྩིས་ནས“སེམས་ཁྲལ་མེད་པ་གསུམ་དང་འགན་ལེན་གསུམ”དང“ཆག་པ་གཉིས་དང་མངོན་འགྱུར་གཅིག”གི་དམིགས་ཚད་ལ་གཞིགས་པ་དང་། རྣམ་གྲངས་ཀྱི་མ་འཇོག་ལ་དམ་འཛིན་དང་གྲོང་གསེབ་ཧྲིལ་པོར་སྐུལ་སྤེལ་དང་། ཁྱོན་ཡོངས་དབུལ་སྐྱོར། ངལ་རྩོལ་ནུས་ཤུགས་གཞན་སྒྱུར་སོགས་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་ཤིང་། ལས་ཀ་ཏན་ཏིག་ངང་ལེགས་པར་བསྒྲུབས་ནས་ས་ཁུལ་དབུལ་སྐྱོར་གསར་སྤེལ་ཐད་འཕེལ་རིམ་གསར་པ་ཐོབ་པ་དང་། དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་སྔར་བས་ལེགས་སུ་སོང་བ། འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ། མང་ཚོགས་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་སྔར་བས་མཐོ་རུ་སོང་བ། མི་འབོར་དབུལ་པོ་སྔར་བས་ཉུང་དུ་ཕྱིན་པ་བཅས་བྱུང་ནས་ས་ཁུལ་དེ་ཡོངས་ཀྱི་དབུལ་སྐྱོར་བྱ་ཡུལ་དེ་2013ལོའི་མི་32962ནས་15238བར་ཉུང་དུ་སོང་བ་དང་། མི་གྲངས་17724དབུལ་སྒྲོལ་ཐུབ་ཡོད་པ་རེད།

“མི་འབོར་དབུལ་པོ་དེ་དབུལ་སྐྱོར་འགག་སྒྲོལ་གྱི་དམིགས་ཚད་གཙོ་བོར་བྱས་ནས‘རང་བརྟེན’ནུས་པ་ཆེ་རུ་བཏང་སྟེ་ཁོ་ཚོ་སྔ་ཙམ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པར་བྱེད་དགོས། ‘དབུལ་སྐྱོར་ངོ་མ་དང་། དབུལ་པོ་ངོ་མ་སྐྱོར་བ’བྱས་ནས་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་འཛིང་ཐད་ཧ་རི་ཧུ་རི་གཏན་ནས་བྱེད་མི་རུང”ཞེས་ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་འཆི་མེད་རིག་འཛིན་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་ཀྲང་ཡུང་ཙེས་ལྷོ་ཁའི་དབུལ་སྐྱོར་ལས་དོན་ཐད་བླང་བྱ་བཏོན་པ་རེད། “ང་ཚོས‘དབུལ་ཕོངས་ཞྭ་མོ’འཕུད་དགོས་པ་མ་ཟད། འཚོ་བ་སྔར་བས་ཡག་པོ་སྐྱེལ་ཐུབ་པ་བྱེད་དགོས”དེ་ནི་ལྷོ་ཁའི་མང་ཚོགས་དབུལ་པོ་ཁྲི་3ལྷག་གི་ཐུན་མོང་གི་སེམས་ཀྱི་འདུན་པ་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།