རང་སྐྱོང་ལྗོངས་འགོ་ཁྲིད་ཀྱིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-27 11:21:27

ཁྲེན་ཆོན་གོ་དང་སྲི་ཐར་གྱིས་གསུང་བཤད་གནང་བ་དང་། པད་མ་འཕྲིན་ལས་དང་། ཝུའུ་དབྱིང་ཅེ། ཏེང་ཞའོ་ཀང་བཅས་བཞུགས་མོལ་ཚོགས་འདུར་ཕེབས་པ།

ཚེས་24ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་འགོ་ཁྲིད་ཀྱིས་ལྷ་སར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ཇུས་ཆེན་ཐད་མཉམ་དུ་གྲོས་མོལ་གནང་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་སྲི་ཐར་རྣམ་གཉིས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་པད་མ་འཕྲིན་ལས་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ཝང་རུའེ་ལན། མོང་ཏེ་ལི་སོགས་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།

ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་བརྟག་ཞིབ་ཚོགས་ཆུང་དང་བཅས་པར་དགའ་བསུ་ཞུས་པ་དང་འབྲེལ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཁག་གིས་དུས་ཡུན་རིང་པོའི་ནང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

ཁྲེན་ཆོན་གོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”གལ་ཆེའི་འཐབ་ཇུས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོར་བཙུགས་ཚེ་གཞི་ནས་བོད་ཀྱི་ལས་དོན་ཁག་ཡང་དག་པའི་ཁ་ཕྱོགས་བརྒྱུད་སྤེལ་ཐུབ་པ་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིང་ཕིང་གི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོ་བསྐྱངས་ཚེ་གཞི་ནས་བོད་ཀྱི་ལས་དོན་ཐད་སྲ་ཞིང་བརྟན་པའི་འགན་ལེན་ཐུབ་པ། དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། གནོད་མེད་གོང་འཕེལ། རྒྱུན་མཐུད་གོང་འཕེལ་བཅས་བཏང་ཚེ་གཞི་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལམ་བུའི་ཐོག་སྐྱོད་ཐུབ་པ། མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་དེ་སྟངས་འཛིན་ནན་པོ་ཐུབ་པ་བྱས་ཚེ་གཞི་ནས་རྒྱུན་ཆད་མེད་པར་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་སྲ་བརྟན་དང་གོང་འཕེལ་གཏོང་ཐུབ་པ། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་ཚེ་གཞི་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་ཐུབ་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱས་ནས་མཐའ་མཚམས་མི་རིགས་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བཅོས་སྐྱོང་མ་ལག་གསར་གཏོད་དང་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་ཚེ་གཞི་ནས་དུས་བདེའི་བོད་ལྗོངས་དང་ཞི་མཐུན་བོད་ལྗོངས་འཛུགས་སྐྲུན་ཐུབ་པ། ཁྲིམས་ལྟར་རྒྱལ་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཁྲིམས་ལྟར་བོད་སྐྱོང་བ་དང་ཡུན་རིང་བོད་སྐྱོང་རྒྱུ་རྒྱུན་འཁྱོངས་བྱས་ཚེ་གཞི་ནས་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་ཐུབ་པ། འགན་འཁྲི་ཁུར་ཕོད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་བློ་བརྟན་འགྱུར་མེད་ངང“ཕྱོགས་གཉིས་ཀར་དམ་འཛིན”ཐུབ་པ་བྱས་ཚེ་གཞི་ནས་ཁ་ཕྲལ་ལ་ངོ་རྒོལ་གྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་ཐུབ་པ། རྩ་སྲ་རྨང་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་གཞི་རིམ་གྱི་སྲིད་དབང་དང་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཚེ་གཞི་ནས་འཕེལ་རྒྱས་བརྟན་ལྷིང་གི་གཞི་རིམ་རྨང་གཞི་བརྟན་དུ་འགྲོ་ཐུབ་པ། མང་ཚོགས་ལམ་ཕྱོགས་དང་དམངས་འཚོ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་མི་སེམས་རྒྱ་ཁྱབ་ཐོབ་པ་དང་མི་རིགས་ཁག་གི་མི་དམངས་དང་རྒྱ་ཆེའི་གྲྭ་བཙུན་ལ་མཐུན་སྒྲིལ་བྱས་ཚེ་གཞི་ནས་ཡུན་རིང་བདེ་འཁོད་ཀྱི་ཟངས་གྱང་ལྕགས་རྩིག་སྐྲུན་ཐུབ་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན་ཁག་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་རྒྱུན་ཆད་མེད་པར་མི་རིགས་ཁག་གི་མི་དམངས་ལ་སློབ་གསོ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ཚེ་གཞི་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ་པ། “ནན་གསུམ་དྲང་གསུམ”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་མུ་མཐུད་དེ་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཚེ་གཞི་ནས་ལྷག་བསམ་རྣམ་དག་དང་། སྤྱོད་ཚུལ་ལེགས་པ། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་རྣམ་པ་ཟབ་མོ་དང་ཁོར་ཡུག་བཟང་པོ་ཆགས་ཐུབ་པ་བཅས་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་ཡོད་ཅེས་གསུངས་པ་རེད།

སྲི་ཐར་གྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་ལས་དོན་ལ་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་བོད་ལྗོངས་དེ་ཉིད་ས་བབ་མཐོ་ལ་གྲང་ངར་ཆེ་བ་དང་། རང་བྱུང་ཆ་རྐྱེན་ཞན་པ། ཁ་ཕྲལ་ལ་ངོ་རྒོལ་གྱི་ལས་འགན་དཀའ་ཚེགས་ཆེ་བ། འཕེལ་རྒྱས་བརྟན་ལྷིང་གི་ལས་འགན་ཧ་ཅང་ལྕི་པོ་ཡོད། དུས་ཡུན་རིང་པོའི་ནང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐའ་མཚམས་སུ་རྩ་བ་ཚུགས་པ་དང་ས་མཐོར་བཅའ་སྲུང་གིས་དཀའ་སྤྱད་འབད་འཐབ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཆེད་ལང་ཚོ་ལེགས་སྐྱེས་སུ་ཕུལ་བ་མ་ཟད། ཐ་ན་ཚེ་སྲོག་ཀྱང་ལེགས་སྐྱེས་ཕུལ་ཡོད་པས་ཡི་རངས་ཞུ་དགོས་པ་ཞིག་ཡོད་པ་དང་བསམ་ཤེས་དང་གཅེས་སྐྱོང་གང་ལེགས་བྱེད་དགོས་ཞེས་གསུངས་པ་རེད། ད་དུང་སྲི་ཐར་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ཁྲོད་བོད་ཀྱི་ལས་དོན་གྱིས་གལ་ཆེའི་གནས་བབ་བཟུང་ཡོད། ང་ཚོས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བ་གོ་སྐབས་སུ་འཛིན་ནས་སྔར་ལས་ལྷག་པའི་ངང་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་རོགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།