རང་སྐྱོང་ལྗོངས་ཀྱིས“སྐལ་བཟང་མེ་ཏོག་མཛེས་ཤོས”ཀྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-16 10:06:58

ཟླ་4ཚེས་14ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི“སྐལ་བཟང་མེ་ཏོག་མཛེས་ཤོས”ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག“སྐལ་བཟང་མེ་ཏོག་མཛེས་ཤོས”ཀྱི་གསུམ་བརྒྱད་དར་དམར་བའི་མིག་དཔེ་དང་གསུམ་བརྒྱད་དར་དམར་མཉམ་སྡེབ་ལ་གཟེངས་བསྟོད་བྱས་པ་རེད།

ཚོགས་འདུའི་ཐོག་དུས་ཡུན་རིང་པོའི་ནང་རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ཚོས་དུས་རབས་ཀྱིས་དཀྲིས་པའི་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཐོག་ཏུ་རང་རྟོགས་ངང་ཁུར་ནས“དྲུག་ལྡན་བོད་ལྗོངས”འཛུགས་སྐྲུན་གྱི་ལག་ལེན་དངོས་ནང་ནུས་ཤུགས་ཡོད་ཚད་འདོན་པ་དང་བྱ་གཞག་བཏོད་དེ་ཤེས་དཔལ་ཁྱིམ་སྲོལ་རྒྱུན་འཛིན་དང་ཁྱིམ་ཚང་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རིང་དམིགས་བསལ་གྱི་ནུས་པ་བཏོན་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་རིང་རང་རྟོགས་ངང་འགན་འཁྲི་ཁུར་ཏེ་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད། ད་ཐེངས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་མཉམ་སྡེབ་ནི་རང་ལྗོངས་ཀྱི་སྔོན་ཐོན་བུད་མེད་མང་པོའི་འཐུས་མི་དང་བྱམས་སེམས་ཅན་གྱི་སྐྱེས་མ་དང་། སྲི་ཞུ་ཅན་གྱི་བུ་མོ། བཟའ་ཟླ་ཡག་པོ་བཅས་ཀྱི་དཔེ་བཟང་ཡིན་ལ་རང་ལྗོངས་ཀྱི་བུད་མེད་ཀྱི“རང་བཀུར་དང་། རང་ཡིད་རང་ཆེས། རང་ཚུགས། རང་སྟོབས་རང་སྤེལ”བཅས་ཀྱི་ཕུལ་བྱུང་དཔེ་བཟང་དང་མིག་དཔེ་ཞིག་དེ་བས་ཡིན་ཞེས་མཛུབ་སྟོན་བྱས་པ་རེད།

ཚོགས་འདུའི་ཐོག་ད་ཐེངས་གཟེངས་བསྟོད་ཐོབ་པའི་མི་སྒེར་དང་མཉམ་སྡེབ་ཀྱིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་དུས་བསྟུན་འཕེལ་རྒྱས་ཡོང་བ་བྱས་ནས་རང་ལྗོངས་ཀྱི་རྒྱ་ཆེའི་བུད་མེད་ཚོར་མཐུན་སྒྲིལ་དང་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱེད་པ་དང་དྲང་ནུས་ཧ་ཅང་ཆེན་པོ་གོང་བུ་སྒྲིལ་བ་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་གསར་པ་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ཚོས་སྔོན་ཐོན་དཔེ་མཚོན་ལ་སློབ་སྦྱོང་བྱས་ཏེ་ཁོང་ཚོའི་རང་འགན་གཙང་སྒྲུབ་དང་ལས་བཀུར་ལེགས་སྐྱེས་འབུལ་བར་སློབ་སྦྱོང་དང་། ཁོང་ཚོའི་གུས་ལྡན་ཁ་དན་ཚིག་གནས་དང་སྤྱོད་བཟང་ཁྲིམས་བཀུར་ལ་སློབ་སྦྱོང་། ཁོང་ཚོའི་རྒན་བཀུར་གཉེན་གཅེས་དང་སྤྱོད་བཟང་རྒྱུན་འཛིན་ལ་སློབ་སྦྱོང་བཅས་བྱས་ནས་དཀའ་སྤྱད་ལས་བརྩོན་གྱི་ལག་ཟུང་དང་བློ་གྲོས་ལ་བརྟེན་པ་དང་དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཐོག་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།