བོད་ལྗོངས་འདི་ཉིད་དར་གོས་ལམ་བུའི་འགག་སྒོ་སྒྲོལ་བའི་གཞི་གཅིག་ཅན་གྱི་སྒྱུར་བཅོས་ནང་ཞུགས་རྒྱུ་ཡིན་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-16 10:00:24

ཟླ་5ཚེས་1ཉིན་ནས་བཟུང་ལྷ་ས་འགག་སྒོས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་ལམ་རྒྱུད་ཀྱི་འགག་སྒོ་10དང་མཉམ་འབྲེལ་ཐོག་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་ལམ་རྒྱུད་ཀྱི་ས་ཁོངས་འགག་སྒོ་སྒྲོལ་བའི་གཞི་གཅིག་ཅན་གྱི་སྒྱུར་བཅོས་བྱ་རྒྱུ་ཡིན་པ་རེད། བྱ་ཐབས་དེས་ས་ཁོངས་ཀྱི་ཚོད་འཛིན་དང་འགག་སྒོའི་ལས་ཁུངས་ཀྱི་ཚད་གཞི་མེད་པ་བཟོས་ནས་ལམ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས)9ཡི་འགག་སྒོ་10རུ“འགག་སྒོ་བཅུ་འགག་སྒོ་གཅིག་ལྟར”གྱི་འགག་སྒོ་སྒྲོལ་བའི་གཞི་གཅིག་ཅན་གྱི་རྣམ་པ་ཆགས་རྒྱུ་དང་། དེས་རང་ལྗོངས་ཀྱི་ནང་འདྲེན་བྱེད་མཁན་ཁེ་ལས་ལ་གདམ་གའི་དབང་ཆ་དེ་བས་མང་བ་ཐོབ་ནས་འགག་སྒོ་དང་། འགག་སྒོ་སྒྲོལ་སྟངས། ཞིབ་དཔྱད་བྱ་ཡུལ་བཅས་རང་བརྟེན་སྒོ་ནས་ཡིག་ཐོག་སྙན་སེང་ཞུ་ཆོག་པ་དང་། མ་གནས་དམའ་བ་དང་ཕན་འབྲས་ཆེ་བའི་འགག་སྒོ་སྒྲོལ་བའི་ཁོར་ཡུག་གཏོད་ཐུབ་པ་དང་དུས་མཚུངས་སྔར་ལས་ལྷག་པའི་ངང་རང་ལྗོངས་འདི་ཉིད“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”གྱི་གལ་ཆེའི་འཐབ་ཇུས་འཆར་འགོད་ནང་ཞུགས་རྒྱུར་སྐུལ་འདེད་ཐུབ་ནས་རང་ལྗོངས་ཀྱི་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དོན་འཁྱོལ་གྱིས་དཔལ་འབྱོར་གྱི་རྒྱུན་རྣམ་གསར་པ་དང་ཉོ་ཚོང་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་དང་། ཁེ་ལས་ཀྱི་རང་བརྟེན་གདམ་ག་དང་ཟོག་འགྲེམས་སྐྱེལ་འདྲེན་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་ཆེད་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་བོད་ལྗོངས་དང་། ཧྲན་ཏུང་། ཧྲན་ཤིས། ཧོ་ནན། ཧྲའན་ཤིས། ཀན་སུའུ། ཉིང་ཞ། མཚོ་སྔོན། ཤིན་ཅང་བཅས་ཞིང་ཆེན(རང་སྐྱོང་ལྗོངས)9ཡིས་ལྷ་ས་དང་། ཆིང་ཏའོ། ཅི་ནན། ཀྲེང་ཀྲོའུ། ཐའེ་ཡོན། ཤིས་ཨན། ལན་ཀྲོའུ། དབྱིན་ཁྲོན། ཟི་ལིང་། ཝུའུ་ལུའུ་མུའུ་ཆི་བཅས་ཀྱི་འགག་སྒོ་10རུ་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་འགག་སྒོའི་ས་ཁོངས་ཀྱི་འགག་སྒོ་སྒྲོལ་བའི་གཞི་གཅིག་ཅན་གྱི་སྒྱུར་བཅོས་བྱ་རྒྱུ་ཡིན་པ་རེད།

ལྷ་ས་འགག་སྒོའི་ལྟ་སྐུལ་དོ་དམ་འགག་སྒྲོལ་ཁྲུའི་འགན་འཁུར་བས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་འགག་སྒོའི་ས་ཁོངས་སྒྲོལ་བའི་ཐད་གཞི་གཅིག་ཅན་གྱི་སྒྱུར་བཅོས་བྱས་རྗེས་ལྗོངས་ནང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་ཁེ་ལས་ཀྱིས་ལམ་རྒྱུད་འགག་སྒོ་གང་རུང་དུ་ལས་སྒོའི་འགྲོ་ལུགས་གཉེར་ཀྱང་ཚང་མར་ཐོབ་ཐང་དང་ཚད་གཞི་གཅིག་པ་ལོངས་སྤྱོད་ཐུབ་རྒྱུ་རེད། དཔེར་ན་རང་ལྗོངས་ཀྱིས་ཐོན་སྐྱེད་བྱས་པའི་ས་མཐོའི་ཁྱད་ལྡན་ཐོན་རྫས་མཚོ་ཐོག་བརྒྱུད་ནས་ཕྱི་རྒྱལ་དུ་ཕྱིར་ཚོང་བྱེད་སྐབས་དེ་སྔོན་ཚོང་ཟོག་གཏོང་བ་དང་འགག་སྒྲོལ་སྙན་སེང་ཞུ་བ་ནས་མཐའ་མཇུག་ཞིབ་དཔྱད་བྱེད་པའི་བར་ཉུང་མཐར་ཡང་གཟའ་འཁོར་གཅིག་འགོར་གྱི་ཡོད། འགག་སྒྲོལ་གཞི་གཅིག་ཅན་གྱི་སྒྱུར་བཅོས་བྱས་རྗེས་ཁེ་ལས་ཀྱིས་ལྷ་ས་འགག་སྒོ་ཁོ་ནར་ལས་སྒོའི་འགྲོ་ལུགས་ཆ་ཚང་གཉེར་ནས་དངོས་ཟོག་ཆིང་ཏའོ་གྲུ་ཁར་འབྱོར་སྐབས་ཐད་ཀར་འགག་སྒོ་སྒྲོལ་ཆོག་པས་དུས་ཚོད་ཕྱེད་ཀ་ཡན་ཐུང་དུ་འགྲོ་རེ་ཡོད་ཅེས་བཤད་བྱུང་། ཁོང་གིས་སྒྱུར་བཅོས་དེས་ཕྱོགས་གཅིག་ནས་འབྲེལ་ཡོད་འགྲོ་ལུགས་དང་ཞིབ་མཆན་འགོད་པའི་ལྷུ་ཚིགས་སྟབས་བདེར་གྱུར་ནས་འགག་སྒྲོལ་མྱུར་ཚད་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་ཡོང་བ་དང་། ཟོག་འགྲེམས་བྱེད་མགྱོགས་སུ་འགྲོ་བ། དཔལ་འབྱོར་མ་གནས་དམའ་རུ་སོང་བ་བཅས་བྱུང་བས་མིག་སྔར་ལྷ་ས་འགག་སྒོར་ཐོ་འགོད་བྱས་པའི་རང་ལྗོངས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་མཁན་ཁེ་ལས་286ཚང་མར་ཕན་པ་ཐོབ་པ་དང་། ཕྱོགས་གཞན་ཞིག་ནས་རང་ལྗོངས་འདི་ཉིད་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་ཟོག་འགྲེམས“འགག་སྒྲོལ་ཆེན་པོའི”ནང་ཞུགས་ཐུབ་སྟེ་རང་ལྗོངས་ཀྱི་ཕྱིར་གཏོང་ནང་འདྲེན་ཁེ་ལས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་འགག་སྒྲོལ་གྱི“མྱུར་ལམ”ནང་བསྐྱོད་དེ་རང་ལྗོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་ཐུབ་རྒྱུ་རེད་ཅེས་བཤད་བྱུང་།

མིག་སྔར་ལྷ་ས་འགག་སྒོས་ས་ཁོངས་འགག་སྒྲོལ་གྱི་གཞི་གཅིག་ཅན་གྱི་འཕྲལ་སྡོམ་མཐུན་སྦྱོར་ཡན་ལག་ལྟེ་གནས་སྐྲུན་བཞིན་ཡོད་པ་དང་ལས་སྒོ་ཁག་གི་ལྷུ་ཚིགས་སུ་དོན་འཁྱོལ་གྲ་སྒྲིག་ལས་དོན་སྤེལ་བཞིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།