ནག་ཆུ་ས་ཁུལ་གྱིས་འབྲོག་ཁུལ་གྱི་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-16 09:52:48

“ན་ནིང་ནས་བཟུང་། ནག་ཆུ་ས་ཁུལ་གྱིས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ས་ཁུལ་དེ་ཡོངས་ཀྱིས་རྫོང་བཅུ་གཅིག་གི་ནང་ནས་མཚོ་གཉིས་རྫོང་ཕུད་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཕྱོགས་ཡོངས་ནས་བཙུགས་པ་དང་། ཚད་ལྡན་ཅན་གྱི་ཤང་གྲོང་འཕྲོད་བསྟེན་ཁང་བཅུ་དྲུག་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཡོད་ལ་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་གི་སྒྲིག་ཆས་ཉོ་བསྒྲུབས་བྱས་ཟིན”ཞེས་ནག་ཆུ་ས་ཁུལ་འཕྲོད་བསྟེན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་བཤད།

གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་ཐོག་ནས་འཕེལ་རྒྱས་ཕྱིན་པ།

2014ལོར་ནག་ཆུ་ས་ཁུལ་གྱིས་དཔལ་མགོན་རྫོང་འདི་ཉིད་རང་སྐྱོང་ལྗོངས་རིམ་པའི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་དུ་བརྩིས་ཏེ་ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་ཚོད་ལྟའི་ལས་དོན་ཧུར་ཐག་སྤེལ་བ་རེད། བརྟག་ཞིབ་གང་ལེགས་བྱས་པའི་རྨང་གཞིའི་ཐོག་དཔལ་མགོན་རྫོང་གིས་རྩྭ་ར་འགན་གཙང་གཉེར་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ཤང་གྲོང་2དང་གྲོང་ཚོ་8དུ་རྒྱ་ནོམ་རྣམ་པའི་གཞི་རྩའི་རྩྭ་ར་བགོ་བའི་ལས་དོན་སྤེལ་ནས་རྩྭ་རའི་གཏན་འཁེལ་དང་། ཐོ་འགོད། ལག་ཁྱེར་སྤྲོད་པ་བཅས་ཀྱི་ལས་དོན་སྤེལ་བ་རེད།

དེ་དང་ཆབས་ཅིག་ད་དུང་ཤང་གྲོང་18དུ་ཁྱིམ་ཚང་ཅན་དང་མཉམ་སྡེབ་ཅན་གྱི་རྩྭ་འདེབས་ལས་དོན་སྤེལ་བ་དང་། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་དང་སྤྱོད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ན་ནིང་ཟླ་བ་བདུན་པའི་ཟླ་མཇུག་བར་རྩྭ་མུའུ་ཁྲི་1.72བཏབ་པ་དང་ཚོད་ལྟའི་གྲོང་ཚོ་གཉིས་སུ་རྩྭ་ཐང་སྣོད་བཅུད་ཁ་གསབ་བྱ་དགའི་ལས་དོན་སྤེལ་ནས་རྩྭ་ཐང་ལུགས་མཐུན་ངང་སྤྱོད་རྒྱུར་སྐུལ་འདེད་བཏང་བ་རེད། 《ནག་ཆུ་ས་ཁུལ་གྱི་རྩྭ་ཐང་གཉེར་སྐྱོང་འགན་གཙང་དབང་ཆ་གཤམ་སྤྲོད་བྱེད་ཐབས(གནས་སྐབས་ལག་བསྟར)》སྔར་བས་འཐུས་ཚང་དུ་བཏང་ནས་རྩྭ་ར་དང་རྨོ་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་གཤམ་སྤྲོད་ལས་དོན་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། མང་ཚོགས་སྣེ་ཁྲིད་བྱས་ཏེ་མཉམ་ལས་དང་། མ་རྐང་ནང་ཞུགས་པ། བོགས་གཏོང་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཉེར་སྐྱོང་དབང་ཆ་འདེབས་འཛུགས་དུད་ཆེན་དང་མཉམ་ལས་རྩ་འཛུགས་ལ་གཤམ་སྤྲོད་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་པ།

ནག་ཆུ་ས་ཁུལ་གྱིས་འབྲོག་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་གྱི་དོན་དངོས་ལ་བརྟག་དཔྱད་གང་ལེགས་བྱས་པའི་རྨང་གཞིའི་ཐོག་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་སྤྱི་ཚོགས་དོ་དམ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། འབྲོག་ཁུལ་གྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་པ་རེད།

གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་དྲ་མིག་ཅན་གྱི་དོ་དམ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་དང་། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལམ་སྲོལ་འཐུས་ཚང་དུ་བཏང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་གྱི་དྲ་མིག་ཅན་གྱི་དོ་དམ་ལ་ཕྱོགས་ཡོངས་ནས་སྐུལ་འདེད། ཆ་འཕྲིན་ཅན་གྱི་སྟེགས་བུ་བསྐྲུན་རྒྱུར་དམ་འཛིན་བཅས་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་བརྟན་ལྷིང་སྲུང་སྐྱོང་གི་སྔོན་འགོག་ཚོད་འཛིན་དྲ་མིག་དམ་དུ་བཏང་ཡོད། དེ་དང་ཆབས་ཅིག་ལྕགས་ལམ་ལམ་སྐྱོང་གི་དོ་དམ་ཟབ་ཏུ་བཏང་བ་དང་ལམ་སྐྱོང་དང་ས་ཁུལ་ཕྱོགས་གཉིས་དང་། ས་ཁུལ་དང་རྫོང་ལམ་སྐྱོང་གཞུང་ལས་ཁང་། ཆེད་འགན་འཁུར་མཁན་གྱི་ལམ་སྐྱོང་རུ་མི་བཅས་མཐུན་སྦྱོར་མཉམ་འགུལ་གྱི་ལམ་སྲོལ་དང་། ལྕགས་ལམ་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་མངོན་མེད་རྐྱེན་ངན་རྒྱུན་དུ་གྲལ་བཤེར་བྱེད་པའི་ལམ་སྲོལ། ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་ལམ་སྲོལ་བཅས་འཐུས་ཚང་དུ་བཏང་སྟེ་མཚོ་བོད་ལྕགས་ལམ་བདེ་འཇགས་ངང་ཤར་བགྲོད་ཐུབ་རྒྱུ་འགན་ལེན་བྱས་པ་རེད།

དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་བ།

ལོ་གཅིག་རིང་ནག་ཆུ་ས་ཁུལ་གྱིས་སློབ་གསོ་དང་། ལས་ཞུགས། དབུལ་སྐྱོར་གསར་སྤེལ། སྤྱི་ཚོགས་འགན་ལེན། སྨན་བཅོས་འཕྲོད་བསྟེན་བཅས་ཐག་གཅོད་བྱ་རྒྱུ་དེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་གནད་དོན་གལ་ཆེན་དུ་བརྩིས་ནས་སྤྱི་ཚོགས་བྱ་གཞག་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད་པ་རེད།

སློབ་གསོ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་འབྲེལ《རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ནག་ཆུ་ས་ཁུལ་གྱི་ལག་བསྟར་བྱེད་ཐབས》བཟོས་ནས་བཏོན་པ་མ་ཟད། རྫོང་ཁོངས་ཀྱི་སློབ་སྤྱི་དང་། དགེ་རྒན་དབར་སྤེལ་རེས་དང་ལས་གནས་བརྗེ་བའི་ལམ་ལུགས་འཚོལ་ཞིབ་བྱས་པ་དང་འབྲེལ་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་རིམ་གྱིས་སྐུལ་འདེད་བཏང་བའི་ཐོག་འབྲི་རུ་དང་། དཔལ་མགོན། ཤན་རྩ་སོགས་རྫོང་དུ་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་ཡོད། དབུལ་སྐྱོར་གསར་སྤེལ་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱས་པའི་ཐོག་སྲིད་ཇུས་དང་། རྣམ་གྲངས། ཐོན་ལས། སྤྱི་ཚོགས། བོད་སྐྱོར་བཅས“ཕྱོགས་ལྔ་གཞི་གཅིག”གི་དབུལ་སྐྱོར་བྱེད་ཐབས་བཙུགས་ཤིང་། ལས་ཞུགས་གསར་གཏོད་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་འབྲེལ་སྐུལ་འདེད་བཏང་ནས་ཁ་ལོ་བའི་ལག་རྩལ་དང་རླངས་འཁོར་ཉམས་བཟོ་སོགས་གསོ་སྦྱོང་ལས་དོན་ཧུར་ཐག་སྤེལ་ནས་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད་པ། གཞི་རྩའི་སྨན་བཅོས་འགན་ལེན་མ་ལག་འཐུས་ཚང་དུ་བཏང་བར་བརྟེན་ས་ཁུལ་དེ་ཡོངས་ཀྱི་འབྲོག་པ་མང་ཚོགས་དང་དགེ་འདུན་པར་སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱས་ཡོད་པ་རེད།

རིག་གནས་གྲ་རྒྱས་གོང་འཕེལ་ལ་སྐུལ་འདེད་བཏང་བ།

ནག་ཆུ་ས་ཁུལ་གྱིས་འབྲོག་ཁུལ་གྱི་ཁྱད་ལྡན་རིག་གནས་དང་ཟུང་འབྲེལ་བྱས་ཏེ་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་བ་མ་ཟད། ས་གནས་ཀྱི་རིག་གནས་ཐོན་ལས་གྲ་རྒྱས་དང་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད། ཡང་དག་པའི་གླེང་ཕྱོགས་ཀྱི་ཕྱོགས་སྟོན་སྟངས་འཛིན་ནན་པོ་བྱས་ཏེ་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་དང་། བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས། དཔེ་མཚོན་གྱི་དྲིལ་བསྒྲགས་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ནག་ཆུ་དྲིལ་བསྒྲགས་དང“ནག་ཆུའི་སྙིང་སྟོབས”དར་སྤེལ་བཏང་བ་དང་། གསར་འགྱུར་སྨྱན་སྦྱོར་དོ་དམ་ལ་ཤུགས་སྣོན་བརྒྱབ་ཅིང་། རྩོམ་སྒྲིག་མི་སྣའི་ཐོབ་ཐང་འཇུག་འཐུས་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་དང་གསར་འགྱུར་འཕྲིན་སྤེལ་ལྟ་སྐུལ་དང་བརྡ་ཁྱབ་གཏོང་བའི་ལམ་ལུགས་བཙུགས་པ་རེད། གསར་འགྱུར་ཁྱབ་བསྒྲགས་ལམ་ལུགས་འཐུས་ཚང་དུ་བཏང་ནས་གསར་འགྱུར་འཕྲིན་སྤེལ་གྱི་སྒྲིག་ལམ་ནན་དུ་བཏང་བ་རེད། ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ནག་ཆུའི་རིག་གནས་སྤུས་རྟགས་བཏོད་པ་དང་འབྲེལ་གླིང་སྒྲུང་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་བྱས་ཁར། ནག་ཆུའི་རིག་གནས་གཞི་རྟེན་རྒྱ་ཆེར་བཏང་བ་དང་ནག་ཆུའི་གནའ་བོའི་ཤེས་དཔལ་དང་། ལོ་རྒྱུས་མི་སྣ། མི་རིགས་རིག་གནས། ཡུལ་སྐོར་དྲིལ་བསྒྲགས་སོགས་ཀྱི་ལེ་ཚན་པར་རྒྱག་བརྙན་བཟོའི་ལས་དོན་སྤེལ་བའི་ཐོག་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་འབྲེལ་ཕུལ་བྱུང་དམངས་ཁྲོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ཁུངས་དང་མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན་དང་། ལེགས་སྒྲིག སྲུང་སྐྱོབ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། ལོ་ལྟར་ཤུལ་བཞག་རྣམ་གྲངས་རེ་ཞུ་བྱེད་ཀྱི་ཡོད་པ་རེད།

ནུས་ཤུགས་ཡོད་རྒུས་མཛེས་སྡུག་ལྡན་པའི་ནག་ཆུ་བསྐྲུན་པ།

འབྲོག་ཁུལ་དུ་ལས་དོན་སྤེལ་ཚུན། ནག་ཆུ་ས་ཁུལ་གྱིས་སྣོད་བཅུད་ནག་ཆུ་བསྐྲུན་རྒྱུར་གཞི་བཙུགས་ནས་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་དང་བསྐྲུན་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད་པ་རེད།

འབྱུང་རྩ་ནས་སྲུང་སྐྱོང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་རྣམ་གྲངས་འཇུག་འཐུས་ལམ་ལུགས་འཐུང་ཚང་དུ་བཏང་བ་དང་འབྲེལ་འཛུགས་སྐྲུན་རྣམ་གྲངས་ཡོད་དོ་ཅོག་གི་ཐད་སྣོད་བཅུད་ཁོར་ཡུག་གི་འགག་སྒོ་དང་། ཐོན་ལས་སྲིད་ཇུས་ཀྱི་འགག་སྒོ ཐོན་ཁུངས་ཟད་གྲོན་གྱི་འགག་སྒོ་བཅས་ནན་པོ་སྲུང་པའི་ཐོག་རྩྭ་ཐང་སྣོད་བཅུད་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ནག་ཆུ་དང་ཨ་མདོ་རྫོང་གཉིས་སུ་རྒྱལ་མོ་རྔུལ་ཆུའི་ཆུ་འགོའི་སྣོད་བཅུད་ཁ་གསབ་ཚོད་ལྟའི་ལས་དོན་སྤེལ་བ་དང་ཆབས་ཅིག་སྣོད་བཅུད་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། ཁོར་ཡུག་བཅོས་སྒྲིག་དང་སྣོད་བཅུད་སླར་གསོའི་ལམ་ལུགས་འཐུས་ཚང་དུ་བཏང་བ། སྣོད་བཅུད་རྣམ་གྲངས་རེ་ཞུའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྒྱལ་ཁབ་རིམ་པའི་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་དོན་སྤེལ་བའི་ཐོག་མཚེའུ་སྲུང་སྐྱོང་གི་དུས་བཀག་གཉིས་པའི་ལས་གྲྭའི་གྲ་སྒྲིག་ལས་དོན་སྤེལ་བ་དང་ལྷ་ས་སྐྱིད་ཆུའི་ཆུ་འགོའི་ནག་ཆུ་དུམ་བུའི་སྣོད་བཅུད་ནུས་པའི་ཁུལ་གྱི་དུས་ཐེངས་གཉིས་པའི་རྣམ་གྲངས་ལས་གྲྭའི་དུས་གོང་གྲ་སྒྲིག་ལས་དོན་ལེགས་སྒྲུབ་བྱས་པ་མ་ཟད། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སེར་གླིང་མཚོའི་དུས་ཐེངས་གཉིས་པའི་ལས་གྲྭ་རེ་ཞུ་བྱེད་བཞིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།