ཆབ་མདོ་གྲོང་ཁྱེར་གྱི་དུས་ཐེངས་དང་པོའི་གྲོང་ཚོའི(ཡུལ་མི)ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ(ཡུལ་ལྷན)གྱི་ཀྲུའུ་རེན་གསར་པའི་གསོ་སྦྱོང་འཛིན་གྲྭ་འཚོགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-13 10:32:21

ཚེས་10ཉིན་གྱི་ཕྱི་དྲོ་ཆབ་མདོ་གྲོང་ཁྱེར་གྱི་དུས་ཐེངས་དང་པོའི་གྲོང་ཚོའི(ཡུལ་མི)ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ(ཡུལ་ལྷན)གྱི་ཀྲུའུ་རེན་གསར་པའི་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ཡག་པོ་ཇི་ལྟར་བྱ་དགོས་པའི་ཐད་ནོར་བུ་དོན་གྲུབ་ཀྱིས་ཆབ་མདོའི་ཚན་རིག་དང་མཐུན་པའི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཐོ་ཚད་ཐོག་ལངས་ཏེ་དུས་སྐབས་གསར་པར་གྲོང་གསེབ་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ལྷན་གྱི་ཀྲུའུ་རེན་གྱི་གནས་བབ་དང་ནུས་པ་གལ་ཆེན་ངོས་འཛིན་གང་ལེགས་བྱེད་དགོས། ད་ཐེངས་གསོ་སྦྱོང་བྱས་པ་བརྒྱུད་ཚང་མས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། སྔར་བས་རྒྱལ་གཅེས་ཏང་གཅེས་དང་ཕ་ཡུལ་ལ་དགའ་ཞེན་བྱེད་པ། འགན་འཁྲི་སྔར་བས་ཁ་གསལ་བཟོ་བ། ཤེས་བྱ་སྔར་བས་སློབ་སྦྱོང་བཅས་བྱེད་པར་རོགས་རམ་བྱས་ནས་སྲ་ཞིང་བརྟན་ལ་བློས་འགེལ་ཆོག་པའི་གཞི་རིམ་གྱི་ཏང་རྩ་འཛུགས་ཤིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། ཆབ་མདོའི་ཚན་རིག་དང་མཐུན་པའི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཐོ་ཚད་ཐོག་ལངས་ནས་དུས་སྐབས་གསར་པར་གྲོང་གསེབ་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ལྷན་གྱི་ཀྲུའུ་རེན་གྱི་གནས་བབ་དང་ལས་དོན་གལ་ཆེན་ངོས་འཛིན་གང་ལེགས་བྱེད་པ་དང་འབྲེལ་བ་གསུམ་ཐག་གཅོད་ཡང་དག་བྱས་ཏེ་རང་ཉིད་ཀྱི་སྤྱོད་གཙང་ལ་བརྟེན་ནས་ཚན་ཁག་དྭངས་གཙང་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ནོར་བུ་དོན་གྲུབ་ཀྱིས་སྲིད་ཇུས་དོན་འཁྱོལ་བྱེད་ནུས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། བྱང་ཆུབ་པའི་བྱང་ཚད་དང་འཇོན་ཐང་དགོས་པ་དང“སྣེ་ཁྲིད་དང་། རྨང་གཞི་བརྟན་གཏོང་། བརྟན་ལྷིང་། ཕྱུག་འགྱུར”བཅས་ཀྱི་དམིགས་ཚད་ལ་དམིགས་ཏེ“ནུས་པ་ལྔ”ཆེ་རུ་ཏན་ཏིག་གཏོང་དགོས། གཞུང་དང་སྒེར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་ཏང་དང་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་དང་བསྟུན་ནས་གཞུང་སྒེར་ཁ་གསལ་བཟོ་བ་དང་། ཁེ་དང་དབང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་ལྟ་སྟངས་གཅིག་མཚུངས་འཛིན་ནས་གཞུང་དྲང་དང་དྲང་བདེན་བྱེད་དགོས། མི་སྒེར་དང་རྩ་འཛུགས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་དུས་ཚོད་དང་གནས་ཚུལ་གང་རུང་འོག་སྤྱི་ཞབས་པའི་གཟུགས་བརྙན་ཐོག་ནས་མི་དམངས་མང་ཚོགས་ཁྲོད་སྙན་གྲགས་ལྡན་པ་བྱེད་དགོས། སློབ་སྦྱོང་གི་གྲུབ་འབྲས་དེ་རྒྱ་ཆེའི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་འཁྲིད་དེ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱས་ཏེ་ཆབ་མདོའི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་བྱ་གཞག་ཁག་ལ་སྔར་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།