བོད་ལྗོངས་ཀྱི་འགན་ལེན་ལྔའི་རྒན་རྒོན་གཅིག་སྡུད་ཐོག་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་ཐོག་གསོ་ཉར་བྱེད་པའི་རྣམ་གྲངས་ལོ་མཇུག་ཏུ་མཇུག་བསྒྲིལ་རྒྱུ་ཡིན་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-13 10:30:21

གསར་འགོད་པས་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱས་པར། འདི་ལོའི་ལོ་མཇུག་ཏུ་རང་ལྗོངས་ཀྱི་རྫོང་རིམ་པའི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་སྒྲིག་གཞི་63དང་། ས་ཁུལ(གྲོང་ཁྱེར)རིམ་པའི་བྱིས་པའི་ཕན་བདེ་ཁང་9 བོད་རང་སྐྱོང་ལྗོངས་བྱིས་པའི་ཕན་བདེ་ཁང་གི་དུས་ཐེངས་གཉིས་པའི་ལས་གྲྭ་བཅས་ཀྱི་འཛུགས་སྐྲུན་ཁྱོན་ཡོངས་ནས་ལས་མཇུག་བསྒྲིལ་རྒྱུ་ཡིན་ཞིང་། དེ་དག་བསྐྲུན་རྗེས་རང་ལྗོངས་ཀྱི་འགན་ལེན་ལྔའི་རྒན་རྒོན་གཅིག་སྡུད་ཐོག་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་ཐོག་གསོ་ཉར་བྱེད་ཚད་100%ཟིན་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་འགན་ལེན་ལྔའི་རྒན་རྒོན་གཅིག་སྡུད་ཐོག་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་ཐོག་གསོ་ཉར་བྱེད་པའི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་19.4བཏང་སྟེ་རྫོང་རིམ་པའི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་སྒྲིག་གཞི་63དང་། ས་ཁུལ(གྲོང་ཁྱེར)རིམ་པའི་བྱིས་པའི་ཕན་བདེ་ཁང་9བསྐྲུན་རྒྱུ་ཡིན་པ་དང་འཛུགས་སྐྲུན་མ་དངུལ་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་མ་འཇོག་བྱེད་པ་དང་ས་ཁུལ(གྲོང་ཁྱེར)དང་རྫོང(ཆུས)གི་བོད་སྐྱོར་མ་དངུལ་སོགས་བྱེད་ཐབས་མང་པོའི་ཐོག་ནས་ཐག་གཅོད་བྱས་ཡོད་པ་རེད། 2014ལོའི་ལོ་མཇུག་བར་རང་ལྗོངས་ཀྱིས་འགན་ལེན་ལྔའི་རྒན་རྒོན་གཅིག་སྡུད་ཐོག་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་ཐོག་གསོ་ཉར་བྱེད་པའི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་12.6བཏང་སྟེ་རྫོང་རིམ་པའི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་སྒྲིག་གཞི་49དང་། ས་ཁུལ(གྲོང་ཁྱེར)རིམ་པའི་བྱིས་པའི་ཕན་བདེ་ཁང་7སྐྲུན་འགོ་ཚུགས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།