བོད་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་གཉིས་པའི”རིག་དངོས་སྲུང་སྐྱོབ་ལས་གྲྭར་སྐུལ་འདེད་མགྱོགས་པོ་བཏང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-13 10:16:33

གསར་འགོད་པས་2015ལོའི་ལྗོངས་ཡོངས་ཀྱི་རིག་དངོས་ཅུས་ཀྲང་གི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་དང་། དུང་དཀར་གྱི་ཕྱི་དབང་གནའ་ཤུལ། ཕོ་བྲང་པོ་ཏ་ལའི་གྲུབ་ཆ་ལྟ་ཞིབ་ཚད་ལེན། སྨིན་གྲོལ་གླིང་དགོན་སོགས་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་གྲྭའི་རྣམ་གྲངས་ལ་རྒྱལ་ཁབ་རིག་དངོས་ཅུས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཞིབ་བཤེར་རྩིས་ལེན་བྱས་ནས་བོད་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”རིག་དངོས་སྲུང་སྐྱོབ་ལས་གྲྭའི་འཆར་འགོད་ནང་གི་རྣམ་གྲངས་ཁག་ཚང་མར་བརྟན་པོའི་ངང་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་བོད་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”རིག་དངོས་སྲུང་སྐྱོབ་ལས་གྲྭའི་ནང་མཉེས་ཐང་སྒྲོལ་མ་ལྷ་ཁང་སོགས་རྣམ་གྲངས་18ལས་མཇུག་སྒྲིལ་བ་དང་འབྲེལ་རང་སྐྱོང་ལྗོངས་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་པ་དེས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་རྣམ་གྲངས་ཀྱི་39%བཟུང་ཡོད་པ་རེད།

རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཅུས་ཀྲང་བཟང་པོས་ཚོགས་འདུའི་ཐོག་བོད་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”རིག་དངོས་སྲུང་སྐྱོབ་ལས་གྲྭའི་འཆར་འགོད་ནང་གི་རྣམ་གྲངས་ནང་དཔལ་འཁོར་དགོན་སོགས་རིག་དངོས་སྲུང་སྐྱོབ་ལས་གྲྭ་23ལས་འགོ་ཚུགས་པ་དེས་འཆར་འགོད་རྣམ་གྲངས་ཀྱི་50%བཟུང་ཡོད། ངམ་རིང་ཆོས་སྡེ་དགོན་སོགས་2013ལོའི་ལྗོངས་ཡོངས་ཀྱི་མྱུར་སྐྱོབ་རྣམ་གྲངས་5དང་སྤྲོ་བདེ་ཁང་གསར་སོགས་2014ལོའི་ལྗོངས་ཡོངས་ཀྱི་མྱུར་སྐྱོབ་རྣམ་གྲངས་10ལག་བསྟར་བྱས་ཡོད། འདི་ལོ་རང་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་གཉིས་པའི”ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་འདི་ལོའི་ལོ་མཇུག་ཏུ་རྣམ་གྲངས་80%ཡི་འཛུགས་སྐྲུན་ལས་མཇུག་བསྒྲིལ་རྒྱུ་དང་གནས་རྙིང་དགོན་སོགས་རིག་དངོས་སྲུང་སྐྱོབ་ལས་གྲྭ་འདི་ལོའི་ནང་ལས་འགོ་ཚུགས་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་ནང་རང་ལྗོངས་ཀྱི་རིག་དངོས་ལས་དོན་ཞབས་ཞུའི་དམངས་འཚོ་ལེགས་གཏོང་གི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། དུས་མཚུངས་བོད་ཀྱིས་ཞིང་འབྲོག་པ་རིག་དངོས་སྲུང་སྐྱོབ་ལས་གྲྭའི་ནང་ཧུར་ཐག་ཞུགས་རྒྱུའི་ཁྲིད་སྟོན་བྱས་ནས་ས་གནས་དེ་གའི་ཞིང་འབྲོག་པར་ཕྱུག་འགྱུར་འབབ་འཕར་གྱི་ཆ་རྐྱེན་བཏོད་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2014ལོར་འཛུགས་སྐྲུན་ལས་འགོ་ཚུགས་པའི་རིག་དངོས་སྲུང་སྐྱོབ་ལས་གྲྭ་ཁག་ནས་ཞིང་འབྲོག་པར་ཡོང་འབབ་སྒོར་ཁྲི་8876.9བྱུང་བ་དེ་ན་ནིང་གི་དུས་མཚུངས་ལས་43%འཕར་ནས་ཞིང་འབྲོག་པས་རིག་དངོས་ཤུལ་བཞག་སྲུང་སྐྱོབ་ཀྱི་འོས་འགན་ཐད་ནུས་ཤུགས་ཡོད་རྒུ་འདོན་པ་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱེད་ཐུབ་པ་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།