ཆབ་མདོ་གྲོང་ཁྱེར་གྱིས་ཆུ་བེད་རྣམ་གྲངས་19ལས་འགོ་བསྐྱར་དུ་བཙུགས་པ།

| 2015-04-02 10:04:04

འདི་ལོའི་ཟླ་གཉིས་པའི་ཟླ་མཇུག་བར་ཆབ་མདོ་གྲོང་ཁྱེར་གྱིས་ཆུ་བེད་ཆུ་གློག་གི་ལས་གྲྭའི་རྣམ་གྲངས་ཁག་19ལས་འགོ་བསྐྱར་དུ་ཚུགས་ཤིང་། རགས་རྩིས་བྱས་ན་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་5.81གཏོང་རྒྱུའི་མཆན་བཀོད་བཀའ་ལན་ཐོབ་པར་མ་འཇོག་སྒོར་དུང་ཕྱུར་0.58བཏང་ཟིན་ཡོད།

ལས་འགོ་བསྐྱར་དུ་བཙུགས་པའི་ཆུ་བེད་ཆུ་གློག་རྣམ་གྲངས་19ཡི་ཁྲོད་མཐུད་སྐྲུན་རྣམ་གྲངས་4ལ་མ་འཇོག་སྒོར་དུང་ཕྱུར་0.14བྱས་པ་དང་། གསར་སྐྲུན་རྣམ་གྲངས་15ལ་མ་འཇོག་སྒོར་དུང་ཕྱུར་0.44བྱས་ཡོད། བསྐྲུན་རྒྱུར་སྙན་ཞུ་འབུལ་བའི་རྣམ་གྲངས་ཁག་6འོས་སྐུལ་འོས་དཔོད་བྱས་པར་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་1.44མཆན་བཀོད་བཀའ་ལན་ཐོབ་པར་མ་འཇོག་སྒོར་དུང་ཕྱུར་1.44གཏོང་རྩིས་ཡོད་པ་བཅས་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།